《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年06月17日

མཚོ་སྔོན་གྱིས་དྭངས་གཙང་ཐཱན་ཉུང་གི་ནུས་རྒྱུ་མཁོ་འདོན་མ་ལག་ཧུར་ཐག་བསྐྲུན་པ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། ཉེ་བའི་ལོ་ཤས་རིང་མཚོ་སྔོན་ཞིང་ཆེན་གྱི་དྭངས་གཙང་ཐཱན་ཉུང་གི་ནུས་རྒྱུ་མཁོ་འདོན་མ་ལག་ཧུར་ཐག་བསྐྲུན་ནས་མཚོ་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་དང་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཀྲོའུ་རུ་ཆན་ཝ་ཁྲི་སྟོང་རིམ་པའི་བསྐྱར་སྐྱེས་ཐུབ་པའི་ནུས་རྒྱུའི་རྟེན་གཞི་གཉིས་རགས་ཙམ་བསྐྲུན་ཏེ། ཉི་ནུས་གློག་གཏོང་འཕེལ་རྒྱས་ཤུགས་ཆེན་བཏང་བ་དང་གཞི་ཁྱོན་ཅན་གྱི་རླུང་གློག་འཕེལ་རྒྱས་བཏང་ནས་རྨ་ཆུའི་སྟོད་རྒྱུད་ཀྱི་ཆུ་གློག་རྟེན་གཞི་འཛུགས་སྐྲུན་ལ་སྐུལ་འདེད་བརྟན་པོ་བཏང་བས་ཕན་འབྲས་ནུས་ལྡན་ཐོན་ཡོད་པ་རེད།

ཞིང་ཆེན་ཡོངས་ཀྱིས་ཕུན་སུམ་ཚོགས་པའི་རླུང་དང་འོད་ཀྱི་ཐོན་ཁུངས་དང་ཐང་རྒོད་ཅན་གྱི་ས་ཆའི་ཐོན་ཁུངས་ཀྱི་ལེགས་ཆར་བརྟེན་ནས། གཅིག་སྡུད་ཐོག་རྟེན་གཞི་གསར་སྤེལ་གྱི་རྣམ་པ་སྤྱད་དེ་ནུས་རྒྱུ་གསར་པ་གསར་སྤེལ་བྱས་ཤིང་། 2020ལོའི་ལོ་མཇུག་བར་མཚོ་ལྷོ་ཀྲོའུ་དང་མཚོ་ནུབ་ཀྲོའུ་ཡི་བསྐྱར་སྐྱེས་ཐུབ་པའི་ནུས་རྒྱུའི་འཕྲུལ་འཁོར་ནས་གློག་འདོན་ཚད་ཆན་ཝ་ཁྲི་1841དང་ཁྲི་1043སོ་སོར་ཟིན་པ་དང་། བསྐྱར་སྐྱེས་ཐུབ་པའི་ནུས་རྒྱུའི་རྟེན་གཞི་གཉིས་ཀ་ཆན་ཝ་ཁྲི་སྟོང་རིམ་པའི་སྐས་རིམ་ལ་སླེབས་ཡོད་པ་དང་། “ལོ་ལྔ་ཚན་བཅུ་གསུམ་པའི”འཕེལ་རྒྱས་དམིགས་ཚད་མངོན་འགྱུར་ཐུབ་ཡོད་པ་རེད། ཉི་ནུས་གློག་གཏོང་འཕེལ་རྒྱས་ཤུགས་ཆེན་བཏང་བས་མཚོ་ལྷོ་ཀྲོའུ་ཡི་ཆབ་ཆ་འོད་ཤུགས་གླིང་དེ་གོ་ལ་ཧྲིལ་པོའི་སྐྱེ་ཁམས་འོད་ཤུགས་གླིང་ཆེ་ཤོས་སུ་གྱུར་བ་དང་། མཚོ་ནུབ་ཀྲོའུ་ཡི་གོར་མོ་དང་གཏེར་ལེན་ཁ་སོགས་ཀྱི་འོད་ཤུགས་གླིང་རགས་ཙམ་བསྐྲུན་ཟིན་པ་རེད། མཚོ་ནུབ་ཀྲོའུ་ཡི་ཆན་ཝ་ཁྲི་100ཡི་འོད་ཤུགས་བཀོལ་སྤྱོད་སྣེ་འདྲེན་རྟེན་གཞི་2དང་། རླུང་གློག་ཚ་བཅས་ཀྱི་ནུས་པ་གསབ་རེས་ཀྱི་ཆན་ཝ་ཁྲི་20ཡི་འོད་ཤུགས་རྣམ་གྲངས། འོད་ཤུགས་ཁྲི་21གི་རྒྱལ་ཁབ་ཀྱི་དཔེ་སྟོན་ཚ་འོད་རྣམ་གྲངས་ཁག་དང་པོ། མཚོ་ལྷོ་ཀྲོའུ་ཡི་ཆན་ཝ་ཁྲི་85ཡི་ཚ་རྔ་འགག་ཆུ་འོད་གསབ་རེས་རྣམ་གྲངས། ཆུ་འོད་རླུང་བཅས་གསབ་རེས་ཀྱི་ཆན་ཝ་ཁྲི་100ཡི་འོད་ཤུགས་རྣམ་གྲངས་སོགས་རྒྱལ་ཁབ་རིམ་པའི་དཔེ་སྟོན་རྣམ་གྲངས་ཁག་གཅིག་སྔ་རྗེས་སུ་ལག་བསྟར་བྱས་ཡོད་པ་རེད།