《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年06月17日

བོད་ཀྱི་ས་ཡོམ་དང་དེ་བཞིན་སྒྲེང་ཐག་འཕྲལ་སྡོམ་རོགས་སྐྱོབ་རུ་ཁག་གི་རྐང་འཛིན་གསོ་སྦྱོང་བདེ་བླག་ངང་མཇུག་འགྲིལ་བ།

ཟླ་6ཚེས་15ཉིན་བོད་རང་སྐྱོང་ལྗོངས་ནགས་ཚལ་མེ་ཟོན་སྤྱི་ཁྱབ་རུ་ཁག་གིས་སྒྲིག་འཛུགས་བྱས་པའི་ས་ཡོམ་དང་དེ་བཞིན་སྒྲེང་ཐག་འཕྲལ་སྡོམ་རོགས་སྐྱོབ་རུ་ཁག་གི་རྐང་འཛིན་གསོ་སྦྱོང་ལྷ་སར་བདེ་བླག་ངང་མཇུག་འགྲིལ་བ་རེད། ད་ཐེངས་ཀྱི་གསོ་སྦྱོང་གི་དུས་ཡུན་ཉིན་16ཡིན་པ་དང་། ནགས་ཚལ་མེ་ཟོན་སྤྱི་ཁྱབ་རུ་ཁག་གི་ཁོངས་གཏོགས་ཚན་པ་ཁག་ནས་ཡོང་བའི་གསོ་སྦྱོང་ནང་ཞུགས་མཁན་མི་90ཚང་མ་དཔྱད་ཞིབ་ཚད་ལོན་བྱུང་ཞིང་།

→ འདི་ནི་ཟླ་6ཚེས་15ཉིན་གསོ་སྦྱོང་ནང་ཞུགས་མཁན་ཚོས་བྲག་སྟེང་དུ་རོགས་སྐྱོབ་བྱེད་སྟངས་སྦྱོང་བཞིན་པ།

↑འདི་ནི་ཉིན་དེར་གསོ་སྦྱོང་ནང་ཞུགས་མཁན་གྱིས་འཕྲལ་མྱུར་ཉེན་གཡོལ་ཨི་ཁུང་འབིགས་བཞིན་པ།