《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年06月17日

པར་རིས་གསར་འགྱུར།

བོད་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་བོད་ཀྱི་ཏོག་གསར་རིམས་འགོག་སྨན་ཁབ་རྒྱག་པའི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ཏེ་རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་བརྒྱབ་ནས“སྨན་ཁབ་རྒྱག་དགོས་རིགས་ཚང་མར་རྒྱག་པ་དང་། རིམ་པ་བཞིན་སྐུལ་འདེད་གཏོང་བ། གཙོ་གནད་མངོན་གསལ་དོད་པོ་ཡོང་བར་བྱེད་པ། བདེ་འཇགས་འགན་ལེན་བྱེད་པ”བཅས་ཀྱི་ལས་ཀའི་རྩ་དོན་གཞིར་བཟུང་། སྨན་ཁབ་རྒྱག་པའི་འཕེལ་རིམ་ལ་སྐུལ་འདེད་མྱུར་པོ་བཏང་བ་དང་སྨན་ཁབ་རྒྱག་ཁྱོན་ཟམ་མི་ཆད་པར་ཆེ་རུ་བཏང་ཡོད། གྲོང་མི་མང་ཚོགས་ཚོར་རིམས་འགོག་སྨན་ཁབ་རྒྱག་པར་སྟབས་བདེ་སྐྲུན་ཆེད། བོད་ཀྱིས་ས་གནས་ས་ཐོག་ཏུ་སྔོན་མངགས་བྱས་ཏེ་སྨན་ཁབ་རྒྱག་པའི་ལམ་ལུགས་ལག་ལེན་བསྟར་བ་དང་། སྨན་ཁབ་རྒྱག་ས་ཁག་གིས་རང་ངོས་ཀྱི་སྨན་ཁབ་རྒྱག་ནུས་ལ་གཞིགས་ཏེ་ཉིན་གང་སྨན་ཁབ་རྒྱག་ཚད་དེ་ཆུ་ཚོད་རེར་བགོ་བཤའ་བརྒྱབ་ཡོད་པ་དང་། མང་ཚོགས་ཚོས་སྔོན་མངགས་ཀྱི་དུས་ཚོད་ནང་སྨན་ཁབ་རྒྱག་པར་ཡོང་ན་འགྲིག་གི་ཡོད་པས། མང་ཚོགས་རྣམས་སྨན་ཁབ་རྒྱག་སར་ཡུན་རིང་བང་སྒྲིག་མི་དགོས་པ་དང་། རིམས་འགོག་སྨན་ཁབ་གོ་རིམ་ལྡན་པའི་ངང་རྒྱག་པའི་ལས་དོན་ལ་འགན་ལེན་ཐུབ་ཡོད།

འདི་ནི་སྨན་དོན་པས་མང་ཚོགས་ལ་རིམས་འགོག་སྨན་ཁབ་རྒྱག་བཞིན་པ།