《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年06月17日

རྒྱལ་ཁབ་མང་པོའི་སྨྱན་སྦྱོར་དང་མི་སྣས་རྒྱལ་ཁབ་བདུན་ཚོགས་པའི་དབུ་ཚོགས“ཚད་གཞི་ལོན་མེད་པའི”ངོས་འཛིན་བྱས་པ།

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཕྱི་རྒྱལ་དུ་བཅའ་སྡོད་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པས་ཕྱོགས་བསྡུས་གནས་ཚུལ་སྤེལ་བར་གཞིགས་ན། ཚེས་13ཉིན། དབྱིན་ཇིའི་ལྷོ་ནུབ་རྒྱུད་ཀྱི་ཁང་ཝོར་ཅུན་དུ་རྒྱལ་ཁབ་བདུན་ཚོགས་པའི་དབུ་ཚོགས་གྲོལ་བ་རེད། དབུ་ཚོགས་འཚོག་རིང་རྒྱལ་ཁབ་མང་པོའི་སྨྱན་སྦྱོར་དང་མི་སྣས་ཚོགས་འདུ་དེ“ཚད་གཞི་ལོན་མེད་པའི”ངོས་འཛིན་བྱས་པ་དང་འབྲེལ་རྒྱལ་ཁབ་བདུན་ཚོགས་པས་ཏོག་གསར་གློ་ཚད་རིམས་ནད་དང་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པ་སོགས་ཀྱི་ཁྱབ་ཁོངས་ཐད“ཁས་ལེན”བྱས་པར་དོགས་འདྲི་བྱས་པ་རེད།

དབྱིན་ཇིའི་གྲ་སྒྲིག་བྱེད་བཞིན་པའི་ནང་བློན་ཁང་གི་ཕྱི་འབྲེལ་བློན་ཆེན་ལི་ས·ནན་ཏིས“ཕྱོགས་གང་ནས་བལྟས་ཀྱང་ད་ཐེངས་ཀྱི་དབུ་ཚོགས་དེ་ཚད་གཞི་ལོན་མེད། གང་ལགས་ཤེ་ན། དེའི་ནང་2022ལོའི་ལོ་མཇུག་གོང་གོ་ལ་ཧྲིལ་པོར་རིམས་འགོག་སྨན་ཁབ་རྒྱག་ཟིན་པའི་དམིགས་ཚད་མངོན་འགྱུར་བྱེད་པའི་འཆར་གཞི་ཁ་གསལ་ཞིག་བཏོན་མེད་ལ། ཕུགས་འདུན་ཆེན་པོ་བཅངས་ནས་འཛམ་གླིང་གནམ་གཤིས་བདེ་འཇགས་ཀྱི་ལམ་བུའི་ཐོག་བསྐྱོད་རྒྱུར་སྣེ་ཁྲིད་ཀྱང་བྱས་མེད་པས་རེད”ཅེས་བརྗོད།

སྲིད་གཞུང་མིན་པའི་རྩ་འཛུགས་ཀྱི“རྩ་འཛུགས་དང་པོའི”ལས་ཚབ་དབུ་བཞུགས་ལག་བསྟར་དཔོན་ཐང་མུའུ·ཧ་ཐེས། རྒྱལ་ཁབ་བདུན་ཚོགས་པའི་བསམ་ཚུལ་དང་བྱ་སྤྱོད་དེ་མིག་སྔའི་རིམས་ནད་ལ་ཁ་གཏད་གཅོག་པའི་ཁ་ཚ་དགོས་གཏུགས་ཀྱི་རང་བཞིན་དང་འཚམ་མེད། ད་ཐེངས་ཀྱི“མི་སེམས་ལ་སྐུལ་མ་གཏོང་ཐབས་བྲལ་བའི”དབུ་ཚོགས་ལས་བྱུང་བའི་འབྲས་བུ་ནི་རིམས་ནད་མཆེད་ཡུན་རིང་དུ་སོང་བ་དེ་རེད། དེ་ནི་འཛམ་གླིང་ཡོངས་སུ་ཐོན་པ་ཞིག་ཡིན་པ་མ་ཟད། རྒྱལ་ཁབ་བདུན་ཚོགས་པ་རང་ངོས་སུའང་ཐོན་པའི་གནད་དོན་ཞིག་རེད་ཅེས་བརྗོད།

སི་ཕེན་གྱི《འོས་ལངས་ཚགས་པར》གྱི་དྲ་ཚིགས་ཐོག་རྩོམ་ཡིག་སྤེལ་ནས་བཏོན་དོན། རྒྱལ་ཁབ་བདུན་ཚོགས་པའི་འགོ་ཁྲིད་པས་ཏོག་གསར་རིམས་འགོག་སྨན་ཁབ་ཀྱི་ཤེས་བྱའི་བདག་དབང་མེད་པ་བཟོས་ནས་རིམས་འགོག་སྨན་ཁབ་མཁོ་སྤྲོད་མི་འདང་བའི་གནད་དོན་ཐག་གཅོད་བྱ་རྒྱུར་མོས་མཐུན་བྱས་མེད། གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པའི་ཐད་རྒྱལ་ཁབ་དེ་དག་གིས་འགྱུར་རྡོའི་འབུད་རྫས་ལས་རིགས་ཀྱི་ཁ་གསབ་ཉུང་དུ་གཏོང་རྩིས་མེད་པ་དང་ཁ་གསབ་འབོར་ཆེན་ཐོབ་པའི་སྒེར་གཉེར་རྡོ་སྣུམ་ཁེ་ལས་ཀྱིས་རྡོ་སྣུམ་སྔོག་འདོན་གྱི་ཁེ་སྤོགས་ལོངས་སུ་སྤྱོད་བཞིན་ཡོད།

འཇར་མན་པེར་ལིན་ཕུའུ་ལུའུ་ཧྲི་མཐུན་ཚོགས་ཀྱི་མཚན་འཛིན་ཀྲུའུ་ཞི་ཧྥུར་ཁེར·ཆ་ཕུའུ་ཁེས་གོ་ལ་ཧྲིལ་པོའི་ཟུར་ཚད་ཐོག་ནས་བལྟས་ཚེ་རྒྱལ་ཁབ་བདུན་ཚོགས་པ་ནི་དུས་རབས་རྙིང་པའི་ཚོགས་པ་ཞིག་ཡིན་པ་དང་རྒྱལ་ཁབ་དེ་དག་གིས་མི་རྣམས་ཀྱི་ཚབ་བྱས་ནས་གོ་ལ་ཧྲིལ་པོའི་གནད་དོན་ཐག་གཅོད་བྱེད་ཐབས་བྲལ་བ་དང་ལྷག་པར་དུ་ཀྲུང་གོ་དང་ཨུ་རུ་སུའམ་ཡང་ན་འབོ་གསེར་རྒྱལ་ཁབ་ལྔ་ཞུགས་མེད་པའི་གནས་ཚུལ་འོག་རིམས་ནད་ཐོན་རིང་། ང་ཚོས་ཀྲུང་ཡོའི་དུས་གཏན་མེ་འཁོར་དེ་མཚོ་ཐོག་སྐྱེལ་འདྲེན་དང་མཁའ་ཐོག་ལ་སྐྱེལ་འདྲེན་གྱི་ཚབ་བྱེད་རྣམ་གྲངས་ཡིན་པའི་ངོས་ནས་ནུས་པ་གལ་ཆེན་ཐོན་པ་མཐོང་ཐུབ། ཡོ་རོབ་ཀྱིས་ངེས་པར་དུ་རྨང་གཞིའི་འཛུགས་སྐྲུན་ཁྱབ་ཁོངས་སུ་ཀྲུང་གོ་དང་མཉམ་ལས་དེ་བས་མང་བ་བྱེད་དགོས་པ་ལས་ཁ་གཏད་དུ་ལངས་མི་རུང་ཞེས་བརྗོད།

ལྷོ་ཨ་ཧྥེ་རི་ཁའི་རླུང་འཕྲིན་ཀུང་སིས་དཔྱད་བརྗོད་རྩོམ་ཡིག་སྤེལ་བའི་ནང་རྒྱལ་ཁབ་བདུན་ཚོགས་པའི་དབུ་ཚོགས་ཀྱི་དམིགས་ཡུལ་གཙོ་བོ་ནི་ཇི་ལྟར་བྱས་ཏེ་འཛམ་གླིང་འདི་ཉིད་མིའི་རིགས་ཀྱི་འཚོ་བ་དང་དེ་བས་འཚམ་པ་ཞིག་ཏུ་འགྱུར་བ་བྱ་རྒྱུ་དེ་ཡིན་པ་ལས་དོ་ཁུར་བྱེད་ས་དེ་ཀྲུང་གོ་དང་ཨུ་རུ་སུར་ཁ་གཏད་གཅོག་རྒྱུ་གཏན་འཁེལ་བྱེད་པ་ཞིག་མིན་ཞེས་འཁོད་ཡོད།

ཧྥ་རན་སེའི་ཚོང་ལས་འགུལ་ཚད་ལེགས་སྒྲིག་བརྙན་འཕྲིན་ལས་ཁུངས་ཀྱིས་དེའི་དྲ་ཚིགས་ཐོག་རྩོམ་ཡིག་སྤེལ་བའི་ནང་ད་ཐེངས་ཀྱི་རྒྱལ་ཁབ་བདུན་ཚོགས་པའི་དབུ་ཚོགས་ཀྱི་གྲོས་གཞི་གལ་ཆེན་ཞིག་ནི་འཕྲོད་བསྟེན་བདེ་ཐང་ལ་ལྟ་ཞིབ་ཚད་ལེན་བྱ་རྒྱུར་ཤུགས་སྣོན་རྒྱག་རྒྱུ་དང་དེ་བཞིན་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་སྒྱུར་བཅོས་བྱས་ནས་དེའི་ནུས་པ་དེ་བས་ཆེ་བ་འདོན་སྤེལ་བྱ་རྒྱུ་དེ་རེད། གལ་ཏེ་ཀྲུང་གོ་ཞུགས་མེད་ན་དེ་ནི་སྒྲུབ་དཀའ་བའི་ལས་འགན་ཞིག་རེད་ཅེས་འཁོད་ཡོད།