《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年06月17日

ཨ་ཀེན་ཐིན་གྱིས་ཀྲུང་གོའི་ཁང་ཤིས་ནུའོ་སྐྱེ་དངོས་མ་རྐང་ཚད་ཡོད་ཀུང་སིའི་ཏོག་གསར་རིམས་འགོག་སྨན་ཁབ་རྒྱལ་ཁབ་དེར་ཛ་དྲག་ངང་སྤྱོད་པའི་ཆོག་མཆན་སྤྲད་པ།

ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་པུ་དབྱི་ནོ་སི་ཨེ་རི་སི་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར་ཨ་ཀེན་ཐིན་འཕྲོད་བསྟེན་པུའུ་ཡིས་ཀྲུང་གོའི་ཁང་ཤིས་ནུའོ་སྐྱེ་དངོས་མ་རྐང་ཚད་ཡོད་ཀུང་སིའི་ཏོག་གསར་རིམས་འགོག་སྨན་ཁབ་ཨ་ཀེན་ཐིན་ལ་ཛ་དྲག་ངང་སྤྱོད་པའི་ཆོག་མཆན་སྤྲད་རྒྱུའི་ཁྱབ་བསྒྲགས་བྱས་ཡོད། དེ་ནི་ཀྲུང་གོ་རྒྱལ་སྨན་ཚོགས་པའི་ཀྲུང་གོ་སྐྱེ་དངོས་ཀྱི་ཏོག་གསར་རིམས་འགོག་སྨན་ཁབ་ལ་ཆོག་མཆན་ཐོབ་རྗེས་ཨ་ཀེན་ཐིན་ལ་ཛ་དྲག་ངང་སྤྱོད་རྒྱུའི་ཞིབ་མཆན་ཐོབ་པའི་ཀྲུང་གོའི་ཏོག་གསར་རིམས་འགོག་སྨན་ཁབ་གཉིས་པ་དེ་ཡིན་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། ཨ་ཀེན་ཐིན་སྲིད་གཞུང་གིས་ཁང་ཤིས་ནུའོ་སྐྱེ་དངོས་མ་རྐང་ཚད་ཡོད་ཀུང་སི་དང་རིམས་འགོག་སྨན་ཁབ་ཉོ་སྒྲུབ་གྲོས་མོལ་ལ་སྐུལ་འདེད་གཏོང་བཞིན་ཡོད།