《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年06月17日

བྱེ་ཐང་དུ་ལྔ་པའི་ཚེས་ལྔའི་དུས་ཆེན་བཏང་བ།

ཟླ་6ཚེས་12ཉིན་ཉིང་ཞ་ཧྲ་པོའོ་ཐའུ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དུ་ཡུལ་སྐོར་བས་རྔ་མོང་བཞོན་ནས་བྱེ་ཐང་གི་མཛེས་ལྗོངས་ཉམས་སུ་མྱངས་པ་རེད། ལྔ་པའི་ཚེས་ལྔའི་དུས་ཆེན་གྱི་ངལ་གསོའི་རིང་ས་གནས་ཁག་ཏུ་ཡུལ་སྐོར་ལ་སྐྱོད་མཁན་ཧ་ཅང་མང་པོ་ཡོད། ཉིང་ཞ་ཀྲུང་ཝུའེ་གྲོང་ཁྱེར་ཧྲ་པོའོ་ཐའུ་མཛེས་ལྗོངས་ཁུལ་དུ་ཡུལ་སྐོར་བ་མང་ཞིང་། དེའི་ནང་ནས་ཡུལ་སྐོར་བ་མི་ཉུང་བ་ཞིག་གིས་བྱེ་ཐང་དུ་བསྐྱོད་ནས་བྱེ་ཐང་གི་ཐུན་མོང་མིན་པའི་མཛེས་ཉམས་མྱོང་རོལ་བྱེད་བཞིན་ཡོད་པ།