《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年06月17日

སི་ཁྲོན་དང་། ཡུན་ནན། ཀུའེ་ཀྲོའུ་བཅས་ཀྱིས་རྒྱང་སྐྱོད་ཀྱི་རྒྱལ་ཁབ་རིག་གནས་སྤྱི་གླིང་འཛུགས་སྐྲུན་ལ་མཉམ་དུ་སྐུལ་འདེད་བཏང་བ།

ཤིན་ཧྭ་གསར་འགྱུར་ཁང་ཁྲེང་ཏུའུ་ནས་གློག་འཕྲིན་འབྱོར་གསལ། སི་ཁྲོན་དང་། ཀུའེ་ཀྲོའུ། ཡུན་ནན་བཅས་ཞིང་ཆེན་གསུམ་གྱི་རིག་དངོས་ཅུས་ཀྱིས་སི་ཁྲོན་ཀུའུ་ལིན་རྫོང་དུ་འཐབ་ཇུས་མཉམ་ལས་ཀྱི་གྲོས་མཐུན་ལ་མིང་རྟཌ་བཀོད་དེ། “རྒྱང་སྐྱོད་ཀྱི་རྒྱལ་ཁབ་རིག་གནས་སྤྱི་གླིང་གི་ཁྲེ་ཧྲུའི་གཙང་པོ་ཐེངས་བཞི་བརྒལ་གྱི་གསར་བརྗེའི་མནའ་འབྲེལ”བཙུགས་ནས་སི་ཁྲོན་དང་། ཡུན་ནན། ཀུའེ་ཀྲོའུ་བཅས་ཀྱི་རྒྱང་སྐྱོད་ཀྱི་རྒྱལ་ཁབ་རིག་གནས་སྤྱི་གླིང་འཛུཌ་སྐྲུན་ལ་མགྱོགས་མྱུར་སྐུལ་འདེད་གཏོང་རྒྱུའི་ཁ་ཆད་བྱས་པ་རེད།

མཉམ་ལས་གྲོས་མཐུན་དེ་ནི་ཉིན་དེའི་རིག་གནས་དང་རང་བྱུང་ཤུལ་བཞག་ཉིན་མོའི་སི་ཁྲོན་གྱི་ཚོགས་ར་གཙོ་བོའི་བྱེད་སྒོའི་ཐོག་མིང་རྟགས་བཀོད་པ་ཞིག་ཡིན་པ་དང་བྱེད་སྒོ་དེ་སི་ཁྲོན་ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིང་དང་། སི་ཁྲོན་ཞིང་ཆེན་རིག་དངོས་ཅུས། ལུའུ་ཀྲོའུ་གྲོང་ཁྱེར་མི་དམངས་སྲིད་གཞུང་བཅས་ཀྱིས་གཙོ་གཉེར་བྱས་པ་དང་། སི་ཁྲོན་དང་། ཀུའེ་ཀྲོའུ། ཡུན་ནན་བཅས་ཞིང་ཆེན་གསུམ་གྱི་རིག་དངོས་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བ་དང་། འབྲེལ་ཡོད་རིགས་གཅིག་མཁས་ཅན། འབྲེལ་ཡོད་ཚན་པའི་འཐུས་མི་བཅས་ཁྱོན་མི་130ལྷག་ཙམ་བྱེད་སྒོར་ཞུགས་ཡོད་པ་རེད།

སི་ཁྲོན་ཞིང་ཆེན་རིག་དངོས་ཅུས་དང་། ཀུའེ་ཀྲོའུ་ཞིང་ཆེན་རིག་དངོས་ཅུས། ཡུན་ནན་ཞིང་ཆེན་རིག་དངོས་ཅུས་བཅས་ཀྱིས་མིང་རྟགས་བཀོད་པའི《སི་ཁྲོན་དང་ཡུན་ནན་ཀུའེ་ཀྲོའུ་བཅས་ཀྱི་རྒྱང་སྐྱོད་ཀྱི་རྒྱལ་ཁབ་རིག་གནས་སྤྱི་གླིང་འཛུགས་སྐྲུན་ལ་མགྱོགས་མྱུར་སྐུལ་འདེད་གཏོང་བའི་འཐབ་ཇུས་མཉམ་ལས་གྲོས་མཐུན》གཞིར་བཟུང་། ས་གནས་གསུམ་གྱིས་རྒྱང་སྐྱོད་ཀྱི་རིག་དངོས་ཐོན་ཁུངས་ལ་ཐུན་མོང་ཐོག་བརྟག་དཔྱད་དང་། རྒྱང་སྐྱོད་ཀྱི་རྒྱལ་ཁབ་རིག་གནས་སྤྱི་གླིང་གི་ཁྲེ་ཧྲུའི་གཙང་པོ་ཐེངས་བཞི་བརྒལ་གྱི་ལྟེ་བའི་འགྲེམས་སྟོན་གླིང་སོགས་རྒྱང་སྐྱོད་ཀྱི་རིག་དངོས་སྲུང་སྐྱོང་དང་བེད་སྤྱོད་ཀྱི་གཙོ་གནད་འདུ་འགོད་ཁག་གཅིག་ལ་མཐུན་སྦྱོར་སྐུལ་འདེད་གཏོང་བ་དང་། རྒྱང་སྐྱོད་ཀྱི་རིག་གནས་ལ་ཞིབ་འཇུག་བྱེད་པ། གཅིག་ལ་གཅིག་སྦྲེལ་གྱི་ཞིང་ཆེན་གསུམ་གྱི་གསར་བརྗེའི་ཡུལ་སྐོར་གྱི་རྩེར་སོན་ལམ་ཐིག་གཏོད་པ། རྒྱང་སྐྱོད་ཀྱི་རིག་དངོས་སྲུང་སྐྱོང་དང་བེད་སྤྱོད་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་སི་ཁྲོན་དང་། ཡུན་ནན། ཀུའེ་ཀྲོའུ་བཅས་ཞིང་ཆེན་གསུམ་གྱི་རྒྱང་སྐྱོད་ཀྱི་རྒྱལ་ཁབ་རིག་གནས་སྤྱི་གླིང་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་རྒྱུ་ཡིན་པ་རེད།

སི་ཁྲོན་དང་། ཡུན་ནན། ཀུའེ་ཀྲོའུ་བཅས་ཞིང་ཆེན་གསུམ་གྱི་ཀུའུ་ལིན་དང་། ཞུས་ཡུང་། ཁྲེ་ཧྲུའེ། ཞི་ཧྲུའེ། ཀྲེན་ཞུང་། ཝུའེ་ཤིན་སོགས་རྫོང(གྲོང་ཁྱེར་དང་ཆུས)བཅུ་གྲངས་ཀྱིས་ཐུན་མོང་ཐོག་གྲོས་འགོ་བཏོན་པའི“རྒྱང་སྐྱོད་ཀྱི་རྒྱལ་ཁབ་རིག་གནས་སྤྱི་གླིང་གི་ཁྲེ་ཧྲུའི་གཙང་པོ་ཐེངས་བཞི་བརྒལ་གྱི་གསར་བརྗེའི་མནའ་འབྲེལ”ཡང་ཉིན་དེར་བཙུགས་པ་དང་འབྲེལ་གྲོས་འགོ་ཡང་ཁྱབ་བསྒྲགས་བྱས་ཏེ། ཁྲེ་ཧྲུའི་གཙང་པོ་ཐེངས་བཞི་བརྒལ་གྱི་རིག་དངོས་ཐོན་ཁུངས་ཀྱི་གྲངས་གཞིའི་མཛོད་མཉམ་སྐྲུན་དང་། རིག་དངོས་སྲུང་སྐྱོང་ལ་ཤུགས་སྣོན། རིག་གཞུང་ཞིབ་འཇུག་དང་སྤེལ་རེས། གསར་བརྗེའི་ཡུལ་སྐོར་འཕེལ་རྒྱས་བཅས་བཏང་ནས་ས་གནས་དེ་གའི་སྤྱི་ཚོགས་དང་། དཔལ་འབྱོར། རིག་གནས་བཅས་ཕྱོགས་ཡོངས་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན་པ་རེད།