《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年06月15日

ཀྲུང་གོ་དབུལ་སྐྱོར་ཐེབས་རྩ་ལྷན་ཚོགས་ཀྱིས་ཨེ་ཙེ་ཨོ་ཕི་ཡའི་བྱིས་པ་དབུལ་པོར“འབྲུ་རིགས་ཁུག་མ”ཞལ་འདེབས་བརྒྱབ་པ།

ཚེས་9ཉིན་ཀྲུང་གོ་དབུལ་སྐྱོར་ཐེབས་རྩ་ལྷན་ཚོགས་ཀྱིས་ཨེ་ཙེ་ཨོ་ཕི་ཡའི་སློབ་ཆུང་ཞིག་གི་སློབ་མ་དབུལ་པོ་400ལྷག་ཙམ་ལ“འབྲུ་རིགས་ཁུག་མ”ཞལ་འདེབས་བརྒྱབ་ནས་སློབ་མ་ཚོའི་བཀྲེས་ལྟོགས་ཀྱི་གནད་དོན་ཐག་གཅོད་བྱས་ཡོད། ད་ཐེངས“འབྲུ་རིགས་ཁུག་མ”ཞལ་འདེབས་བརྒྱབ་པའི་བྱ་སྤྱོད་དེ་ནི་ཀྲུང་གོ་དབུལ་སྐྱོར་ཐེབས་རྩ་ལྷན་ཚོགས་ཀྱི་རྒྱལ་སྤྱིའི་བྱིས་པར་ཟས་རིགས་མཁོ་འདོན་རྣམ་གྲངས་ཀྱིས་དོན་འཁྱོལ་བྱས་པ་ཞིག་ཡིན་ཞིང་། འདི་ནི་ཟླ་6ཚེས་9ཉིན་ཨོ་པ་དབྱི་སློབ་ཆུང་གི་སློབ་མ་དང་ཁྱིམ་བདག་ཚོ་ཨེ་ཙེ་ཨོ་ཕི་ཡའི་དབུས་ལྷོའི་རྒྱུད་ཀྱི་ཨོའོ་ལུའོ་སྨི་ཡ་ཀྲོའུ་ཡི་ཏུའུ་ཁའེ་མུའུ་གྲོང་ཁྱེར་དུ“འབྲུ་རིགས་ཁུག་མ”ཞལ་འདེབས་རྒྱག་པའི་མཛད་སྒོར་ཞུགས་པའི་གནས་ཚུལ་ཡིན་པ།