《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年06月15日

ལོ་སི་སྲིད་གཞུང་གིས་ཀྲུང་གོའི་ཁེ་ལས་ཀྱི་ཝན་ཐེན་ནས་པ་སེ་བར་གྱི་མྱུར་བགྲོད་གཞུང་ལམ་གྱི་ལམ་ཐིག་ཇུས་གཞིར་ཆོག་མཆན་སྤྲད་པ།

ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཝན་ཐེན་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར་ལོ་སི་སྲིད་གཞུང་གིས་ཀྲུང་གོའི་ཁེ་ལས་ཀྱི་ཝན་ཐེན་ནས་པ་སེ་བར་གྱི་མྱུར་བགྲོད་གཞུང་ལམ་གྱི་ལམ་ཐིག་ཇུས་གཞིར་ཆོག་མཆན་སྤྲད་པ་རེད།

ཇུས་གཞི་དེ་ནི་ཧོ་པེ་ཞིང་ཆེན་འགྲིམ་འགྲུལ་འཆར་འགོད་ཞིབ་འཇུག་ཁང་མ་རྐང་ཚད་ཡོད་ཀུང་སིས་གཏན་ལ་ཕབ་པ་ཞིག་ཡིན་ཞིང་། ཀུང་སི་དེའི་རྒྱལ་སྤྱིའི་ལས་གྲྭ་ཁང་གི་འགོ་འཛིན་ཀྲང་ཞའོ་ཝུའེ་ཡིས་ཇུས་གཞིའི་ནང་འཁོད་པའི་མྱུར་བགྲོད་གཞུང་ལམ་ནི་ལོ་སིའི་རྒྱལ་ས་ཝན་ཐེན་དང་ལྷོ་ཕྱོགས་ཀྱི་ལྟེ་གནས་གྲོང་ཁྱེར་པ་སེ་གཉིས་སྦྲེལ་ཏེ་ལོ་སིའི་ལྷོ་ནས་བྱང་དུ་བརྒྱུད་པའི་མྱུར་བགྲོད་གཞུང་ལམ་གྱི་དུམ་བུ་གལ་ཆེན་ཞིག་ཡིན་པར་ཁྱོན་རིང་ཚད་སྤྱི་ལེ་578.6དང་བཟོ་སྐྲུན་གྱི་མ་གནས་རགས་རྩིས་བྱས་ན་ཨ་སྒོར་དུང་ཕྱུར་51ཙམ་ཟིན་རྒྱུ་ཡིན་པ་རེད་ཅེས་ངོ་སྤྲོད་བྱས།

ཀྲུང་གོ་དང་ལོ་སིས་མཉམ་དུ་མ་རྩ་བཞག་ནས་བསྐྲུན་པའི་ལོ་སིའི་ཀྲུང་ལོའི་མྱུར་བགྲོད་གཞུང་ལམ་ཨང་དང་པོ་སྟེ་ཝན་ཐེན་ནས་ཝན་རུང་བར་གྱི་ལམ་དུམ་དེ་2020ལོའི་ཟླ་བཅུ་གཉིས་པར་བསྐྲུན་ཟིན་ནས་རླངས་འཁོར་ཤར་གཏོང་ཐུབ་ཡོད་པ་རེད།

(པ་སངས་ཚེ་རིང་གིས་བསྒྱུར། ཚེ་དབང་ལྷ་མོ་དང་པ་ཚེས་ཞུས)