《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年06月15日

བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཀུ་ཐེ་ལེ་སིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེའི་འགན་མུ་མཐུད་འཁུར་རྒྱུའི་འོས་སྦྱོར་བྱས་པ།

ཀྲུང་གོ་ཕྱོགས་ཀྱིས་རྒྱབ་སྐྱོར་བྱ་རྒྱུ་ཡིན་ཞེས་བརྗོད་པ།

ཟླ་6ཚེས་8ཉིན་ཉིའུ་གཡོད་ཀྱི་མཉམ་འབྲེལ་རྒྱལ་ཚོགས་སྤྱི་ཁྱབ་པུའུ་རུ་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཐལ་མོ་རྡེབ་པའི་རྣམ་པའི་ཐོག་ནས་གྲོས་ཆོད་ལ་གྲོས་འཆམ་བྱུང་བ།

ཤིན་ཧྭ་གསར་འགྱུར་ཁང་མཉམ་འབྲེལ་རྒྱལ་ཚོགས་ནས་གློག་འཕྲིན་འབྱོར་གསལ། མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཚེས་8ཉིན་གྲོས་ཆོད་ལ་གྲོས་འཆམ་བྱས་པ་བརྒྱུད། མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་ལ་ཀུ་ཐེ་ལེ་སིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེའི་འགན་མུ་མཐུད་འཁུར་རྒྱུ་འོས་སྦྱོར་བྱ་རྒྱུའི་ཐག་བཅད་པ་དང་། འགན་འཁུར་བའི་དུས་ཚོད་2022ལོའི་ཟླ་1ཚེས་1ནས་2026ལོའི་ཟླ་12ཚེས་31ཉིན་བར་ཡིན་པ་རེད།

མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་སྡོད་ཀྲུང་གོའི་འཐུས་ཚབ་ཀྲང་ཅུན་གྱིས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་གོང་གསལ་གྱི་གྲོས་ཆོད་ལ་གྲོས་འཆམ་བྱས་རྗེས། ཀུ་ཐེ་ལེ་སིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེའི་འགན་མུ་མཐུད་འཁུར་རྒྱུར་ཀྲུང་གོ་ཕྱོགས་ཀྱིས་རྒྱབ་སྐྱོར་བྱ་རྒྱུ་ཡིན་ལ། ཀུ་ཐེ་ལེ་སིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེའི་འགན་འཁུར་བ་ནས་བཟུང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགོ་ཁྲིད་དེ་རྒྱལ་སྤྱིའི་ཞི་བདེ་དང་བདེ་འཇགས་སྲུང་སྐྱོང་བྱེད་པ་དང་། རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། རིམས་འགོག་གི་རྒྱལ་སྤྱིའི་མཉམ་ལས་ལ་སྐུལ་འདེད་གཏོང་བ་སོགས་ཐད་དགེ་མཚན་ལྡན་པའི་ནུས་པ་བཏོན་པར་བསྔགས་བརྗོད་ཀྱང་བྱ་རྒྱུ་ཡིན་ཞེས་བརྗོད།

《མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་འཛིན》གྱི་འབྲེལ་ཡོད་གཏན་འབེབས་ལྟར། ཉེ་ཆར་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་ཐོག་གྲོས་ཆོད་ལ་གྲོས་འཆམ་བྱས་པ་བརྒྱུད། ཀུ་ཐེ་ལེ་སིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེའི་འགན་མུ་མཐུད་འཁུར་རྒྱུར་དངོས་སུ་ཆོག་མཆན་སྤྲད་པ་རེད། (ཚེ་དབང་ལྷ་མོས་བསྒྱུར། པ་སངས་ཚེ་རིང་གིས་ཞུས)