《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年06月15日

ཀྲུང་ལུགས་གསོ་རིག་བཅའ་ཁྲིམས་ལག་བསྟར་བྱས་པར་ཕན་འབྲས་ཐོབ་ནས་རང་རྒྱལ་གྱི་ཀྲུང་ལུགས་གསོ་རིག་རྒྱུན་འཛིན་དང་གསར་གཏོད་ཀྱི་ནུས་པ་རིམ་བཞིན་ཆེ་རུ་ཕྱིན་པ།

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། ཀྲུང་ལུགས་གསོ་རིག་བཅའ་ཁྲིམས་ལག་བསྟར་བྱས་ཚུལ་ལ་ཞིབ་བཤེར་བྱ་རྒྱུའི་སྐོར་གྱི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ཨུའི་ལག་བསྟར་ཞིབ་བཤེར་ཚོགས་ཆུང་གི་སྙན་ཞུ་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་ཉེར་དགུ་པར་གྲོས་ཞིབ་བྱ་རྒྱུར་ཕུལ་ཡོད། སྙན་ཞུའི་ནང་རང་རྒྱལ་གྱིས་ཀྲུང་ལུགས་གསོ་རིག་བཅའ་ཁྲིམས་ལག་བསྟར་བྱས་ནས་ལོ་གསུམ་ལྷག་ཙམ་སོང་རིང་། ཀྲུང་ལུགས་གསོ་རིག་རྒྱུན་འཛིན་དང་གསར་གཏོད་ཀྱི་ནུས་པ་རིམ་བཞིན་ཆེ་རུ་ཕྱིན་པ་དང་འབྲེལ་འདེགས་སྐྱོར་འགན་ལེན་གྱི་ནུས་པར་ཡང་ཟམ་མི་ཆད་པར་ཤུགས་སྣོན་ཐེབས་ཡོད།

ཀྲུང་ལུགས་གསོ་རིག་བཅའ་ཁྲིམས་ཁྱབ་བསྒྲགས་དང་ལག་བསྟར་བྱས་ཚུན། རང་རྒྱལ་གྱིས་ལེ་ལག་ཚང་བའི་ལམ་ལུགས་ཟམ་མི་ཆད་པར་བཟོས་པ་དང་འཐུས་སྒོ་ཚང་དུ་བཏང་བ་མ་ཟད། རྒྱལ་ཡོངས་ཀྱི་ཀྲུང་ལུགས་གསོ་རིག་ཚོགས་ཆེན་འཚོགས་ཏེ《ཀྲུང་ལུགས་གསོ་རིག་རྒྱུན་འཛིན་དང་། གསར་གཏོད། འཕེལ་རྒྱས་བཅས་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བསམ་འཆར》བཏོན་པར་བརྟེན་ཀྲུང་ལུགས་གསོ་རིག་བྱ་གཞག་ཐད་ཀྱི་ཤེས་ལྡན་པ་གསོ་སྐྱོང་དང་། ཚན་རྩལ་གསར་གཏོད། བདེ་ཐང་རིག་གནས་ཀྱི་བྱང་ཚད་མཐོར་གཏོང་། སྒོ་དབྱེ་འཕེལ་རྒྱས་སོགས་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད།

སྙན་ཞུའི་ནང་རང་རྒྱལ་གྱིས་ཀྲུང་ལུགས་གསོ་རིག་གི་ཤེས་ལྡན་པ་གསོ་སྐྱོང་ལ་མུ་མཐུད་ཤུགས་སྣོན་བརྒྱབ་ནས་ཀྲུང་ལུགས་གསོ་རིག་ཤེས་ལྡན་པ་གསོ་སྐྱོང་གི་བྱེད་ཐབས་འཚོལ་ཞིབ་དང་གསར་གཏོད་བྱས་པར་བརྟེན་སློབ་གླིང་དང་སློབ་གྲྭའི་སློབ་གསོ་དང་། སློབ་ཐོན་རྗེས་ཀྱི་སློབ་གསོ། རྒྱུན་མཐུད་སློབ་གསོ་བཅས་ནུས་ལྡན་ངང་འབྲེལ་མཐུད་དང་རྒྱུན་འཛིན་སློབ་གསོ་ཚགས་ཚུད་ཀྱི་ཀྲུང་ལུགས་གསོ་རིག་ཤེས་ལྡན་པ་གསོ་སྐྱོང་བྱེད་པའི་མ་ལག་གྲུབ་ཡོད། “ལོ་ལྔ་ཚན་བཅུ་གསུམ་པའི”དུས་མཇུག་བར། རང་རྒྱལ་དུ་ཀྲུང་ལུགས་གསོ་རིག་སྨན་པའི་བསྡོམས་འབོར་ཁྲི་76.7ཟིན་ནས་མི་འབོར་སྟོང་གི་ཁྲོད་ཀྲུང་ལུགས་གསོ་རིག་ལས་གཉེར་སྨན་པ་དཀའ་བཅུ་པའི(ལས་རོགས)གྲངས་འབོར་སྨན་པ་0.45ཟིན་ཡོད་ཅེས་བསྟན་ཡོད།

ཀྲུང་ལུགས་གསོ་རིག་བྱ་གཞག་འཕེལ་རྒྱས་ཡར་ཐོན་གྱི་བརྒྱུད་རིམ་ནང་ཀྲུང་ལུགས་གསོ་རིག་དེ་བས་རྒྱ་ཁྱབ་ངང་ཤེས་རྟོགས་དང་ཁས་ལེན་ཐུབ་ཡོད། སྙན་ཞུར་གཞིགས་ན། རྒྱལ་ནང་དུ་རང་རྒྱལ་གྱི་ཀྲུང་ལུགས་གསོ་རིག་གྲོང་གསེབ་དང་། སྡེ་ཁུལ། ཁྱིམ་ཚང་། སློབ་གྲྭ་བཅས་སུ་ཁྱབ་གདལ་བཏང་བར་བརྟེན་རང་རྒྱལ་སྤྱི་དམངས་ཀྱི་ཀྲུང་ལུགས་གསོ་རིག་གི་བདེ་ཐང་རིག་གནས་བྱང་ཚད་ཆུ་ཚད་15.62%དང་ཁྱབ་གདལ་གཏོང་ཚད་92.46%ཟིན་ཡོད། ཕྱི་རྒྱལ་གྱི་རྒྱལ་ཁབ་དང་ས་ཁུལ་196ལ་ཀྲུང་ལུགས་གསོ་རིག་ཁྱབ་གདལ་བཏང་བས་ཀྲུང་ལུགས་གསོ་རིག་གི་སྨན་བཅོས་ཕན་འབྲས་ལ་འཛམ་གླིང་གི་རྒྱལ་ཁབ་དེ་བས་མང་བའི་ཁས་ལེན་ཐོབ་ཡོད།

2017ལོའི་ཟླ་7ཚེས་1ཉིན་ནས་བཟུང་ལག་བསྟར་བྱས་པའི་ཀྲུང་ལུགས་གསོ་རིག་བཅའ་ཁྲིམས་ནི་རང་རྒྱལ་གྱི་ཀྲུང་ལུགས་གསོ་རིག་ཁྱབ་ཁོངས་ཀྱི་རྨང་གཞིའི་རང་བཞིན་དང་། རྩ་འཛིན་རང་བཞིན། ཕྱོགས་བསྡུས་རང་བཞིན་བཅས་ཀྱི་བཅའ་ཁྲིམས་དང་པོ་དེ་རེད། བཅའ་ཁྲིམས་དེ་ལས་མངོན་གསལ་དོད་པའི་མི་རིགས་ཀྱི་ཁྱད་ཆོས་དང་ལོ་རྒྱུས་ཀྱི་ནང་དོན་ཟབ་པའི་རིག་གནས་ཀྱི་གདེང་ཚོད་མངོན་པ་དང་ཆབས་ཅིག རང་རྒྱལ་གྱི་འཕྲོད་བསྟེན་བདེ་ཐང་ཁྱབ་ཁོངས་ཀྱི་ལམ་ལུགས་མ་ལག་འཐུས་སྒོ་ཚང་དུ་ཕྱིན་ཏེ་ཀྲུང་ལུགས་གསོ་རིག་རྒྱུན་འཛིན་དང་། གསར་གཏོད། འཕེལ་རྒྱས་བཅས་ལ་སྐུལ་འདེད་གཏོང་ཆེད་བཅའ་ཁྲིམས་ཀྱི་འགན་ལེན་བརྟན་པོ་མཁོ་འདོན་བྱས་ཡོད། (པ་སངས་ཀྱིས་བསྒྱུར། པ་སངས་དང་སྐལ་མཆོག་གིས་ཞུས)