《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年06月15日

ཅིན་ཐའེ་ལྕགས་ལམ་དུ་མེ་འཁོར་ཤར་གཏོང་ཐུབ་གྲབས་ཡོད་པ།

ཉེ་ཆར“ཀྲེ་ཅང་འགྲིམ་འགྲུལ་ཚོགས་པ། ཅིན་ཐའེ་ལྕགས་ལམ”ཞེས་འཁོད་པའི་LOGOཡི་CR200Jདབྱིབས་ཀྱི་ཤུགས་འགྲེམས་མེ་འཁོར་ཅིན་ཐའེ་ལྕགས་ལམ་ནས་བསྐྱོད་དེ། འདི་ལོའི་ཟླ་དྲུག་པའི་ཟླ་མཇུག་གོང་དུ་མེ་འཁོར་ཤར་གཏོང་བྱེད་པར་ཚོད་ལྟའི་འཁོར་སྐྱོད་བྱེད་བཞིན་ཡོད།

ཅིན་ཐའེ་ལྕགས་ལམ་ནི་ཀྲེ་ཅང་ཞིང་ཆེན་གྱིས་རང་རྟེན་འཛུགས་སྐྲུན་བྱས་པའི་གློག་རླངས་ཅན་གྱི་ལྕགས་ལམ་ཐོག་མ་དེ་ཡིན་ཞིང་། ལམ་ཐིག་ཧྲིལ་པོར་སྤྱི་ལེ་234.923ཡོད་པ་དང་། དེ་ནི་དངོས་ཟོག་དང་འགྲུལ་པ་གཉིས་ཀ་སྐྱེལ་འདྲེན་གྱི་ལྕགས་ལམ་ཞིག་རེད། དེའི་ཆུ་ཚོད་རེའི་མྱུར་ཚད་སྤྱི་ལེ་160འཆར་འགོད་བྱས་ཡོད། སྐབས་དེ་དུས་ཐའེ་ཀྲོའུ་གྲོང་ཁྱེར་ཤན་ཅུས་རྫོང་དང་ཅིན་ཧྭ་གྲོང་ཁྱེར་ཕན་ཨན་རྫོང་སོགས་སུ་ལྕགས་ལམ་ཤར་གཏོང་མི་ཐུབ་པའི་ལོ་རྒྱུས་མཇུག་འགྲིལ་རྒྱུ་རེད།

འདི་ནི་ཟླ་6ཚེས་13ཉིན་མཁའ་ཐོག་ནས་པར་བླངས་པའི་ཅིན་ཐའེ་ལྕགས་ལམ་ཐའེ་ཀྲོའུ་གྲོང་ཁྱེར་ཤན་ཅུས་རྫོང་གི་ཡུང་ཨན་ཤིས་ཟམ་ཆེན་ཡིན་པ།