《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年06月14日

དབྱིན་ཇིའི་ལོན་ཏོན་གྱི་དཔལ་འབྱོར་དང་ཚོང་ལས་སྲིད་ཇུས་ཧྲུའི་དེ་སྔའི་ཧྲུའུ་ཀྲང་ལུའོ་སི་དབྱི་ཡིས་བརྗོད་དོན།

མིའི་རིགས་ཀྱི་ཐུན་མོང་ཁེ་ཕན་ནས་འགོ་འཛུགས་དགོས།

འདི་ག་ཚགས་པར་གྱི་གསར་འགོད་པ། ཆང་ཝུའེ།

འདི་ནི་དབྱིན་ཇིའི་ལོན་ཏོན་གྱི་དཔལ་འབྱོར་དང་ཚོང་ལས་སྲིད་ཇུས་ཧྲུའི་དེ་སྔའི་ཧྲུའུ་ཀྲང་ལུའོ་སི་དབྱི།

“འཛམ་གླིང་ཐོག་གི་སྐྱེ་བོ་ཕལ་ཆེ་བའི་ངོས་ནས་བརྗོད་ན། སྔོན་དཔག་ཚེ་ཚད་རིང་དུ་གཏོང་བ་དང་། དབུལ་པོའི་གནས་ལས་སྒྲོལ་བ། འཚོ་བའི་ཆུ་ཚད་མཐོ་རུ་གཏོང་བ་བཅས་ནི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ངོ་མ་དེ་རེད”དབྱིན་ཇིའི་ལོན་ཏོན་གྱི་དཔལ་འབྱོར་དང་ཚོང་ལས་སྲིད་ཇུས་ཧྲུའི་དེ་སྔའི་ཧྲུའུ་ཀྲང་ཀྲུང་གོ་མི་དམངས་སློབ་ཆེན་ཁྲུང་དབྱང་དངུལ་རྩ་ཞིབ་འཇུག་སློབ་གླིང་གི་མཐོ་རིམ་ཞིབ་འཇུག་པ་ལུའོ་སི་དབྱི་ཡིས“ཀྲུང་གོ་གུང་ཁྲན་ཏང་གིས་ཀྲུང་གོ་མི་དམངས་ཀྱི་སྣེ་ཁྲིད་ནས་ཐོབ་པའི་དབུལ་པོ་ཉུང་གཏོང་གི་གྲུབ་འབྲས་ནི་སྐྱེ་བོ་ཀུན་གྱིས་ཤེས་གསལ་ཞིག་ཡིན་ལ། དེ་ནི་ཀྲུང་གོས་འཛམ་གླིང་གི་འགྲོ་བ་མིའི་ཐོབ་ཐང་གི་བྱ་གཞག་ལ་ཕུལ་བའི་ལེགས་སྐྱེས་ཆེན་པོ་ཞིག་ཀྱང་ཡིན”ཞེས་བཤད།

ལུའོ་སི་དབྱི་ཡིས་དུས་རབས་གོང་མའི་ལོ་རབས་90པ་ནས་བཟུང་། ཀྲུང་གོའི་གནད་དོན་ལ་ཞིབ་འཇུག་བྱེད་འགོ་ཚུགས་པས་ལོ་མང་རིང་ཀྲུང་གོར་རྒྱུས་མངའ་ལོན་ཚད་རྒྱུན་ཆད་མེད་པར་ཟབ་ཏུ་ཕྱིན་ཡོད། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ཁྲོད་ཀྱི“མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས”ཀྱིས་ཁོང་ལ་བག་ཆགས་ཟབ་མོ་བཞག་ཡོད། “རྒྱལ་ཁབ་མི་འདྲ་བའི་དབར་ཧེ་བག་ཡོད་པ་ནི་ཆེས་རྒྱུན་གཏན་ཞིག་རེད། འགག་རྩ་ནི་གང་ཞིག་གནད་དོན་གཙོ་བོ་དང་གང་ཞིག་གནད་དོན་ཕལ་པ་ཡིན་མིན་དེར་ཐུག་ཡོད། ནུབ་ཕྱོགས་ཀྱི་སྲིད་ཚོང་པ་ཁག་གཅིག་གི་བསམ་བློའི་ནང་། འཛམ་གླིང་ནི་ཕན་ཚུན་འགྲན་རྩོད་ཀྱི་མི་སྒེར་རམ་ཡང་ན་རྩ་འཛུགས་ལས་གྲུབ་པ་ཞིག་ཡིན་པས་ཕན་ཚུན་དབར་ཐུན་མོང་གི་ཁེ་ཕན་མེད། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་ལས་ང་ཚོར། ངེས་པར་དུ་མཉམ་དུ་རིམས་ནད་ལ་འགོག་རྒོལ་བྱེད་པ་དང་དཔལ་འབྱོར་ཉམས་རྒུད་དང་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་དགོས་པའི་བློ་སྒོ་ཕྱེ་ཡོད”ཅེས་ལུའོ་སི་དབྱི་ཡིས་བཤད།

ན་ནིང་གི་ཟླ་7པར་ལུའོ་སི་དབྱི་ཡིས་རྒྱལ་ཁབ་48ཀྱི་མཁས་དབང་དང་བྱེད་སྒོ་སྤེལ་མཁན་དང་མཉམ་དུ་རང་འགུལ་ངང“ཀྲུང་གོར་དམིགས་པའི་འཇམ་འཐབ་གསར་པ་གང་ཞིག་ཡིན་རུང་ཚང་མ་མིའི་རིགས་ཀྱི་ཁེ་ཕན་དང་མཐུན་མེད”ཅེས་པ་འགོ་བརྗོད་དུ་འཁོད་པའི་གོ་ལ་ཧྲིལ་པོའི་དྲ་ཐོག་གི་ཡོངས་བསྒྲགས་ཚོགས་འདུ་ཞིག་སྒྲིག་འཛུགས་བྱས་པ་མ་ཟད། “འཇམ་འཐབ་གསར་པ་ཁས་མི་ལེན”ཞེས་པ་མིང་དུ་བྱས་པའི་ཐུན་མོང་གི་གསལ་བསྒྲགས་ཀྱང་སྤེལ་བ་རེད། “ཐེ་རོན་ཕུ་སྲིད་གཞུང་གིས་ལག་བསྟར་བྱས་པའི་སྲིད་ཇུས་ནི་ཀྲུང་གོ་དང་ཨ་རི་རྒྱལ་ཁབ་གཉིས་པོའི་ཁེ་ཕན་དང་མཐུན་མེད་ལ། མིའི་རིགས་ཡོངས་ཀྱི་ཐུན་མོང་གི་ཁེ་ཕན་དང་དེ་བས་མཐུན་མེད་པ་ང་ཚོས་ནན་བཤད་བྱེད་བཞིན་ཡོད”ཅེས་ལུའོ་སི་དབྱི་ཡིས་བཤད།

“ལྷམ་རྐང་པར་འཚམ་མིན་གྱོན་ན་ཤེས་ཞེས་པའི་ཀྲུའུ་ཞི་ཞི་ཅིན་ཕིང་གི་གཟིགས་ཚུལ་དེར་ང་ཡོངས་སུ་མོས་མཐུན་ཡོད། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག་ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་དང་ཚོད་འཛིན་ཐད་ཀྲུང་གོར་གྲུབ་འབྲས་རླབས་པོ་ཆེ་ཐོབ་པ་དང་། དཔལ་འབྱོར་མགྱོགས་མྱུར་སླར་གསོ་བྱུང་ནས་2020ལོའི་གོ་ལ་ཧྲིལ་པོའི་དཔལ་འབྱོར་དངོས་སུ་འཕར་བའི་དཔལ་འབྱོར་དངོས་ཚན་གཙོ་བོ་འབའ་ཞིག་དེར་གྱུར་ཡོད། ཀྲུང་གོ་གུང་ཁྲན་ཏང་ལ་ཀྲུང་གོ་མི་དམངས་ཀྱི་བརྩི་བཀུར་དང་རྒྱབ་སྐྱོར་དེ་འདྲ་ཐོབ་དོན་ངས་གསལ་པོ་ཤེས་ཀྱི་འདུག”ཅེས་ལུའོ་སི་དབྱི་ཡིས་བཤད།