《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年06月14日

རི་པིན་གྱི་གྲོང་མི་ཚོགས་པའི“ཚུན་ཧྲན་གྱི་གཏམ་བཤད་རྒྱུན་འཛིན་དང་འཕེལ་རྒྱས་ལྷན་ཚོགས”ཀྱི་ལས་འཛིན་འགོ་གཙོ་ཐེང་ཐན་ཀའོ་ཅིང་གིས་བརྗོད་དོན།

མི་དམངས་དུང་ཕྱུར་14ལ་བདེ་སྐྱིད་ཀྱི་འབྱོར་འབྲིང་འཚོ་བ་སྐྱེལ་རྒྱུ་ཡོང་བ་བྱས་ཡོད།

འདི་ག་ཚགས་པར་གྱི་གསར་འགོད་པ། ལིའུ་ཅུན་གོ

འདི་ནི་རི་པིན་གྱི་གྲོང་མི་ཚོགས་པའི“ཚུན་ཧྲན་གྱི་གཏམ་བཤད་རྒྱུན་འཛིན་དང་འཕེལ་རྒྱས་ལྷན་ཚོཌ”ཀྱི་ལས་འཛིན་འགོ་གཙོ་ཐེང་ཐན་ཀའོ་ཅིང་།

“ཀྲུང་གོ་གུང་ཁྲན་ཏང་ལ་ཕུགས་བསམ་ཆེན་པོ་ལྡན་ཡོད། རང་ཉིད་ཀྱི་དམིགས་བསལ་ཁེ་ཕན་གང་ཡང་མེད། གསར་བརྗེ་བྱས་ནའང་འདྲ། ཡང་ན་འཛུགས་སྐྲུན་བྱེད་པ་དང་སྒྱུར་བཅོས་ལ་དམ་འཛིན་བྱེད་པ་གང་ཞིག་ཡིན་རུང་། ཚང་མ་མི་དམངས་འཚོ་བ་ཡག་པོ་ཞིག་སྐྱེལ་རྒྱུ་ཡོང་བའི་ཆེད་དུ་རེད”ཅེས་རི་པིན་གྱི་གྲོང་མི་ཚོགས་པའི“ཚུན་ཧྲན་གྱི་གཏམ་བཤད་རྒྱུན་འཛིན་དང་འཕེལ་རྒྱས་ལྷན་ཚོགས”ཀྱི་ལས་འཛིན་འགོ་གཙོ་ཐེང་ཐན་ཀའོ་ཅིང་གིས་བརྗོད་པ་དང་། དེ་ནི་ཀྲུང་གོ་གུང་ཁྲན་ཏང་ལ་ཀྲུང་གོ་མི་དམངས་ཀྱི་བརྩི་བཀུར་དང་རྒྱབ་སྐྱོར་ཐོབ་པ་དང་དེ་བཞིན་ལང་ཚོ་དང་གསོན་ཤུགས་ནམ་ཡང་མི་ཉམས་པའི་གསང་བའི་ཨང་རྟགས་ཤིག་རེད་ཅེས་བརྗོད་པ་རེད།

སྲིད་ཕྱོགས་ཀྱི་ལས་ཀ་ཡུན་རིང་བྱས་པའི་ཐེང་ཐན་ཀའོ་ཅིང་ལ་སྲིད་ཏང་ཐད་ལ་དམིགས་བསལ་གྱི་ལྟ་སྟངས་ཤིག་ཡོད། ཁོང་གིས་མི་དམངས་ལ་ཞབས་འདེགས་ཞུ་བའི་དམིགས་ཡུལ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱས་པར་བརྟེན། ཀྲུང་གོ་གུང་ཁྲན་ཏང་འདི་ཉིད་ཆུང་བ་ནས་ཆེ་བ་དང་ཉམས་ཆུང་ནས་སྟོབས་ཆེན་བར་དུ་འགྱུར་ལྡོག་བྱུང་བ་མ་ཟད། རྒྱུན་ཆད་མེད་པར་འཕེལ་རྒྱས་དང་སྟོབས་ཆེར་ཡང་སོང་བའི་ངོས་འཛིན་བྱེད་ཀྱི་ཡོད། ཐེང་ཐན་ཀའོ་ཅིང་གིས་གསར་འགོད་པར་ཀྲུང་གོར་འཚམས་འདྲི་བྱེད་རིམ་བཞིན་ཕུལ་བྱུང་གི་གུང་ཁྲན་ཏང་ཡོན་མང་པོ་ཞིག་དང་འབྲེལ་གཏུག་བྱུང་། ཁོང་ཚོས་མང་ཚོགས་ཀྱི་ཁེ་ཕན་དེ་དུས་དང་རྣམ་པ་ཀུན་ཏུ་ཨང་དང་པོར་འཇོག་གི་འདུག “ཀྲུང་གོ་གུང་ཁྲན་ཏང་གི་ཏང་ཡོན་གྱི་བསམ་པའི་འཁྱེར་སོ་དང་། ཕུགས་བསམ་དང་དད་སེམས། འགན་སེམས་ཆེ་བ་བཅས་མི་རྣམས་ཧང་སངས་དགོས་པ་ཞིག་འདུག”ཅེས་བཤད་བྱུང་།

ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་རིམ་རྩིས་བྱས་ན། ཀྲུང་གོས་གྲོང་སྡོད་ལས་དོན་རུ་ཁག་ཁྲི་བཅུ་ཕྲག་དང་ཧྲུའུ་ཅི་དང་པོ་དང་གྲོང་སྡོད་ལས་བྱེད་པ་ཁྲི་བརྒྱ་ཕྲག་མངགས་པ་དང་། རོགས་སྐྱོར་མ་དངུལ་འབོར་ཆེན་བཏང་བ། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བར་བསུ་བ་ཞུ་བའི་དུས་སྐབས་གལ་ཆེན་འདིར། དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་ཕྱོགས་ཡོངས་ནས་རྒྱལ་ཁ་ཐོབ་ཡོད། ཐེང་ཐན་ཀའོ་ཅིང་གིས་ཀྲུང་གོའི་གྲོང་གསེབ་ས་ཁུལ་དུ་ཀྲུང་གོའི་ཞིང་པ་དབུལ་སྒྲོལ་བྱུང་རྗེས་ཀྱི་དགའ་ཚོར་མཉམ་སྤྱོད་བྱེད་པར་སྐྱོད་ཐུབ་པའི་རེ་བ་ཆེན་པོ་བྱེད་ཀྱི་ཡོད། “ཀྲུང་གོ་གུང་ཁྲན་ཏང་གིས་དབུལ་པོ་ངོ་མར་རོགས་སྐྱོར་དང་རོགས་སྐྱོར་ངོ་མ་བྱེད་པ་དེ་རླབས་ཆེན་ཞིག་རེད། ཆབ་སྲིད་ཀྱི་ཆེས་རྩ་བའི་ལས་འགན་གྱི་གྲས་ཤིག་ནི་མི་དམངས་ལ་འཚོ་བའི་དངོས་རྫས་འདང་ངེས་མཁོ་འདོན་བྱ་རྒྱུ་དང་མི་དམངས་ལ་དབུལ་པོའི་གནས་ལས་སྒྲོལ་རོགས་བྱ་རྒྱུ་དེ་རེད། ཀྲུང་གོ་གུང་ཁྲན་ཏང་གིས་མི་དམངས་དུང་ཕྱུར་14ལ་བདེ་སྐྱིད་ཀྱི་འབྱོར་འབྲིང་འཚོ་བ་སྐྱེལ་རྒྱུ་ཡོང་བ་བྱས་པ་ནི་དཔེ་མི་སྲིད་པའི་གྲུབ་འབྲས་ཡག་པོ་ཞིག་རེད”ཅེས་བརྗོད་པ་རེད།

ཐེང་ཐན་ཀའོ་ཅིང་གིས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་གནང་བའི་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་པའི་འདུ་ཤེས་འདིར་མོས་སེམས་ཆེན་པོ་ཡོད། “རླབས་ཆེན་གྱི་འདུ་ཤེས་དེ་ཐོག་ནས་མིའི་རིཌ་ཀྱི་ཞི་བདེ་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཀྲུང་གོའི་རྣམ་འགྱུར་མཚོན་གྱི་འདུག དེའང་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་ངོས་ནས་བརྗོད་ན་དོན་སྙིང་གལ་ཆེན་ལྡན་པ་ཞིག་རེད”ཅེས་དང“མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་རྒྱུ་ནི་ཀྲུང་གོ་དང་འཛམ་གླིང་མི་དམངས་ཀྱི་བསམ་བློ་དང་བློ་གྲོས་གསར་གཏོད་རང་བཞིན་གྱི་སྒོ་ནས་འཕེལ་རྒྱས་གཏོང་བ་དང་། ཞི་བདེ་འཕེལ་རྒྱས་དང་མཉམ་ལས་གཉིས་ཁེའི་དུས་རབས་ཀྱི་རླབས་རྒྱུན་དང་བསྟུན་པ། མིའི་རིགས་ཀྱི་སྤྱི་ཚོགས་འཕེལ་རྒྱས་འགྲོ་ཕྱོགས་ཁོང་དུ་ཡང་དག་ཆུད་པར་བྱེད་པ་བཅས་རེད”ཅེས་བརྗོད་པ་རེད། (སྤེན་ཚེས་བསྒྱུར། སྤེན་ཚེ་དང་བསྟན་བཟང་གིས་ཞུས)