《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年06月14日

《དེང་གི་ཕ་ཁི་སི་ཐན་ཚགས་པར》གྱི་བསླབ་རྒན་གསར་འགོད་པ་སྨི་ཨན·ཨ་པུའུ་ལཱ་ཡིས་བརྗོད་དོན།

ཀྲུང་གོས་སྒྲུབ་མ་ཐུབ་པའི་བྱ་བ་རེ་རེ་བཞིན་བསྒྲུབས་ཡོད།

འདི་ག་ཚགས་པར་གྱི་གསར་འགོད་པ། ཁྲེན་ཧྲི་ཅེ།

འདི་ནི《དེང་གི་ཕ་ཁི་སི་ཐན་ཚགས་པར》གྱི་བསླབ་རྒན་གསར་འགོད་པ་སྨི་ཨན·ཨ་པུའུ་ལཱ།

“ཕ་ཁི་སི་ཐན་གྱི་ཐ་ཁེ་ཐེ་ནས་ཕ་ཀྲུང་མཐའ་མཚམས་ཀྱི་ཧུང་ཆི་ལཱ་ཕུའུ་འགག་སྒོར་སྐྱོད་སྐབས། གལ་སྲིད་ཁྱེད་རང་གིས་ཁཱ་ལཱ་ཁུ་ནུའི་གཞུང་ལམ་བརྒྱུད་ནས་སྐྱོད་པ་ཡིན་ན། ང་ལྟར་གཞུང་ལམ་འདི་སྐྲུན་པའི་སྙིང་སྟོབས་ལ་ཧང་སངས་ངེས་རེད” 《དེང་གི་ཕ་ཁི་སི་ཐན་ཚགས་པར》གྱི་བསླབ་རྒན་གསར་འགོད་པ་དང་ཀྲུང་གོའི་གནད་དོན་གྱི་རིགས་གཅིག་མཁས་ཅན་སྨི་ཨན·ཨ་པུའུ་ལཱ་ཡིས་ཉིན་ཤས་གོང་འདི་ག་ཚགས་པར་གྱི་གསར་འགོད་པར“ཀྲུང་གོ་གུང་ཁྲན་ཏང་གིས་གཞན་ལས་ལྷག་པའི་བློ་ཁོག་དང་སྙིང་རུས་ལ་བརྟེན་ནས་སྒྲུབ་མ་ཐུབ་པའི་བྱ་བ་རེ་རེ་བཞིན་སྒྲུབ་ཡོད”ཅེས་བརྗོད་པ་རེད།

1979ལོར་ཁཱ་ལཱ་ཁུ་ནུའི་གཞུང་ལམ་བསྐྲུན་ཟིན་ནས་ཀྲུང་གོ་དང་ཕ་ཁི་སི་ཐན་དབར་སྐམ་སའི་བགྲོད་ལམ་ཞིག་བསྐྲུན་ཡོད། གཞུང་ལམ་དེས་ཆ་སྙོམས་ས་བབ་མཐོ་ཚད་སྨི་5500ཟིན་པའི་ཁཱ་ལཱ་ཁུ་ནུ་རི་རྒྱུད་བརྒལ་བ་དང་ལམ་བར་དུ་འཛམ་གླིང་གི་རི་བོ་མཐོ་ཤོས་ཨང་གཉིས་པ་ཕྱོགས་ལས་རྣམ་རྒྱལ་དང་འཁྱགས་རོམ་ཁུལ་བརྒྱུད་ཀྱི་ཡོད། སྨི་ཨན་གྱིས་སྐབས་དེ་དུས་སམ་ཡང་ན་ད་ལྟ་ཡང་གཞུང་ལམ་དེ་ཕ་ཁི་སི་ཐན་གྱི་ངོས་ནས་བརྗོད་ན་དོན་སྙིང་གལ་ཆེན་ལྡན་ཡོད། འོན་ཀྱང་ད་ལྟ་ཡིན་ཡང་དེའི་ཨར་ལས་ཀྱི་དཀའ་ཚེགས་ཧ་ཅང་ཆེན་པོ་ཡིན། “གལ་སྲིད་ཨར་ལས་འཛུགས་སྐྲུན་ནང་ཀྲུང་གོ་ཞུགས་མེད་ན། གཞུང་ལམ་དེ་ནམ་ཡང་འཆར་འགོད་རི་མོ་ཞིག་ཏུ་ལུས་རྒྱུ་རེད”ཅེས་བརྗོད་པ་རེད།

དེ་སྔ་སྨི་ཨན་ཀྲུང་གོར་ཐེངས་མང་ཡོང་ནས་བཅར་འདྲི་དང་འཕྲིན་སྤེལ་བྱས་ཡོད། ཁོང་གིས་ཀྲུང་གོར་ཇི་ཙམ་ཤེས་རྟོགས་བྱས་ན། གུང་ཁྲན་ཏང་མིའི་དཀའ་ཚེགས་ལ་མི་འཛེམ་པར་ཞུམ་མེད་མདུན་སྐྱོད་ཀྱི་སྙིང་སྟོབས་ལ་དེ་ཙམ་གྱིས་བློ་མོས་ཡིད་ཆེས་སྐྱེས་ཀྱི་འདུག ཉེ་བའི་ལོ་ཤས་རིང་ཁོང་གིས་རྟག་ཏུ་བསྟོད་བསྔགས་གཏོང་བ་ནི་ཀྲུང་གོས་དུས་བཀག་ལྟར་ཕྱོགས་ཡོངས་ནས་དབུལ་སྒྲོལ་ཐུབ་པ་དེ་རེད། “འདི་ནི་མིའི་རིགས་ཀྱི་ལོ་རྒྱུས་ཐོག་འགྲན་ཟླ་བྲལ་བའི་གྲུབ་འབྲས་ཤིག་རེད”སྲིད་ཏང་གང་རུང་ཞིག་གི་ངོས་ནས་བརྗོད་ན། མི་དམངས་ཚང་མ་དབུལ་སྒྲོལ་ཐུབ་པ་དེ་སྒྲུབ་མི་ཐུབ་པའི་དམིགས་ཚད་ཅིག་རེད། “འོན་ཀྱང་དམིགས་ཚད་དེ་ཀྲུང་གོར་མངོན་འགྱུར་ཐུབ་པའི་སྔོན་འགྲོའི་ཆ་རྐྱེན་ནི་ཀྲུང་གོ་གུང་ཁྲན་ཏང་གིས་ཐོག་མཐའ་བར་གསུམ་དུ་ཐམས་ཅད་མི་དམངས་ཀྱི་ཆེད་དུ་སྲིད་སྐྱོང་རྒྱུ་མཐའ་འཁྱོངས་བྱས་པ་ལས་བྱུང་བ་ཞིག་རེད”ཅེས་སྨི་ཨན་གྱིས་བརྗོད་པ་རེད།

སྨི་ཨན་གྱིས་ཀྲུང་གོའི་ས་ཁུལ་དབུལ་པོ་མང་པོར་འགྲོ་མྱོང་ཡོད་ལ། གཞི་རིམ་གྱི་ཏང་ཡོན་ལས་བྱེད་པར་ཡང་བཅར་འདྲི་བྱེད་མྱོང་ཡོད། མཐར་ཁོང་གིས་ཀྲུང་གོའི་དབུལ་སྐྱོར་ལག་ལེན་གྱི་གྲུབ་འབྲས་ཐོབ་པའི་མན་ངག་རྙེད་པ་རེད། “ངས་བརྟག་དཔྱད་ཞིབ་ཚགས་བྱས་པ་བརྒྱུད་ས་གནས་ཁག་གིས་ཡུལ་བབ་དང་བསྟུན་ནས་ས་གནས་དེ་གའི་མང་ཚོགས་ལ་དབུལ་སྒྲོལ་ཇུས་གཞི་བཟོས་ཡོད་པ་དང་། དུད་ཚང་དང་ཁྱིམ་ཚང་རེ་རེ་བཞིན་འདྲི་རྟོགས་དང་བསམ་འཆར་བསྡུ་ལེན་བྱས་ཡོད་པ་ཤེས་བྱུང་། ཁོང་ཚོའི་ལེགས་སྐྱེས་འབུལ་བའི་སྙིང་སྟོབས་ལ་སེམས་འགུལ་ཚད་མེད་ཐེབས་བྱུང”ཞེས་སྨི་ཨན་གྱིས་བརྗོད། གཞི་རིམ་གྱི་ཏང་ཡོན་ལས་བྱེད་པ་དེ་ཚོ་དང་འབྲེལ་བ་བྱས་ཚེ། གཞི་ནས་ཀྲུང་གོས་ལོ་རྒྱུས་ཀྱི་བྱ་སྤྱོད་རླབས་པོ་ཆེ་འདི་ཇི་ལྟར་མངོན་འགྱུར་ཐུབ་པ་ཤེས་ཐུབ། ཁོང་གིས“ཀྲུང་གོའི་དབུལ་སྐྱོར་ནི་ཕན་བདེ་བཏོད་པ་ཙམ་མིན་པར་དེ་ལས་གལ་ཆེ་བ་ཞིག་ནི་མི་ཚོར་རང་ཉིད་ཀྱི་འབད་བརྩོན་ལ་བརྟེན་ནས་རིན་ཐང་གཏོད་རྒྱུར་ཁྲིད་སྟོན་བྱས་ཡོད། འདི་ནི་མངོན་འགྱུར་བྱེད་ཁག་ཤོས་ཀྱི་དབུལ་སྒྲོལ་རེད་ལ། དངོས་འབྲེལ་རྒྱུན་མཐུད་ཆོག་པའི་དབུལ་སྒྲོལ་ཡང་རེད”ཅེས་བརྗོད་པ་རེད།

སྨི་ཨན་གྱི་ངོས་ནས་བརྗོད་ན། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་ཡང་སྔར་བཞིན་ལང་ཚོའི་སྐྱེས་སྟོབས་དཔལ་འབར་བ་དང་ཕྱིས་སུ་འཛམ་གླིང་ཡོངས་ཀྱིས་ཧང་སངས་དགོས་པའི་གྲུབ་འབྲས་ཡག་པོ་དེ་བས་མང་བ་གཏོད་ངེས་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད། “འགྲན་སློང་ལ་རྒྱུན་ཆད་མེད་པར་གཏུག་ཕོད་པའི་སྲིད་ཏང་དེའི་གསོན་ཤུགས་ནམ་ཡང་ཉམས་ཀྱི་མ་རེད”