《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年06月14日

བརྙན་འཕྲིན་འཁྲབ་ཚན《སྦྱོང་བརྡར་མཐར་སོན》སྟོན་འགོ་ཚུགས་པའི་ཡོངས་བསྒྲགས་ཚོགས་འདུ་འཚོགས་པ།

འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་6ཚེས་12ཉིན་གློག་འཕྲིན་འབྱོར་གསལ། ཚེས་11ཉིན་ཧུའུ་ནན་སྲུང་སྐར་འཕྲིན་ལམ་དང་མི་དམངས་ཉིན་རེའི་ཚགས་པར་གྲངས་འཛིན་བརྒྱུད་སྤེལ་ཀུང་སིས་མཉམ་དུ་གཙོ་གཉེར་བྱས་པའི་བརྙན་འཕྲིན་འཁྲབ་ཚན《སྦྱོང་བརྡར་མཐར་སོན》གྱི་ལྟ་ཉན་འདུ་ཚོགས་དང་སྟོན་འགོ་ཚུགས་པའི་ཡོངས་བསྒྲགས་ཚོགས་འདུ་པེ་ཅིང་དུ་འཚོགས་པ་རེད། ཧུའུ་ནན་ཞིང་ཨུད་ཀྱི་རྒྱུན་ཨུ་ཞིང་ཨུད་དྲིལ་བསྒྲགས་པུའི་པུའུ་ཀྲང་ཀྲང་ཧུང་སེན་སོགས་སྟོན་འགོ་ཚུགས་པའི་ཡོངས་བསྒྲགས་ཚོགས་འདུར་ཞུགས་པ་རེད།

བརྙན་འཕྲིན་འཁྲབ་ཚན《སྦྱོང་བརྡར་མཐར་སོན》ནི་ཀྲུང་གུང་ཧུའུ་ནན་ཞིང་ཨུད་དྲིལ་བསྒྲགས་པུའུ་དང་ཧུའུ་ནན་རླུང་འཕྲིན་བརྙན་འཕྲིན་ཚོགས་པས་འཁྲབ་སྟོན་བྱས་པ་ཞིག་ཡིན། རྒྱལ་ཁབ་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ཅུས་ཀྱིས་མཛུབ་ཁྲིད་བྱས་པའི་ཏང་གི་ལོ་ངོ་བརྒྱ་འཁོར་བར་རྟེན་འབྲེལ་ཞུ་བའི་གཙོ་གནད་རྣམ་གྲངས་ཤིག་ཡིན་པའི་ཆ་ནས། བརྙན་འཕྲིན་འཁྲབ་ཚན《སྦྱོང་བརྡར་མཐར་སོན》ལས་ཏང་གི་ལོ་ངོ་བརྒྱའི་གསར་བརྗེའི་ལོ་རྒྱུས་དང་། གསར་གཏོད་ལོ་རྒྱུས། འབད་འཐབ་ལོ་རྒྱུས་བཅས་ཕྱོགས་ཡོངས་ནས་མངོན་རྒྱུ་རེད།

ཟླ་6ཚེས་13ཉིན་ནས་བཟུང་། བརྙན་འཕྲིན་འཁྲབ་ཚན《སྦྱོང་བརྡར་མཐར་སོན》ཞེས་པ་ཧུའུ་ནན་སྲུང་སྐར་འཕྲིན་ལམ་ནས་སྟོན་རྒྱུ་རེད།