《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年06月14日

“ཅིང་ཁྲུའུ་ས་གཞི་ཆེ་མོར་དར་དམར་གཡོ—ཧུའུ་པེའི་གསར་བརྗེའི་རིག་དངོས་པར་རིས་སྐོར་སྐྱོད་འགྲེམས་སྟོན”ཧུང་ཧུའུ་རུ་འགོ་ཚུགས་པ།

འདི་ག་ཚགས་པར་ཁང་དུ་ཅིང་ཀྲོའུ་ནས་ཟླ་6ཚེས་12ཉིན་གློག་འཕྲིན་འབྱོར་གསལ། “ཅིང་ཁྲུའུ་ས་གཞི་ཆེ་མོར་དར་དམར་གཡོ—ཧུའུ་པེའི་གསར་བརྗེའི་རིག་དངོས་པར་རིས་སྐོར་སྐྱོད་འགྲེམས་སྟོན”ཧུའུ་ནན་ཧུའུ་པེ་ནུབ་རྒྱུད་གསར་བརྗེའི་གནས་གཞི་ཁུལ་ཧུང་ཧུའུ་གྲོང་ཁྱེར་ཆུས་ཅཱ་དབན་དུ་འགོ་ཚུགས་པ་རེད། ད་རེས་ཀྱི་བྱེད་སྒོར་ཞིང་ཆེན་ཡོངས་ཀྱི་བཤམས་སྟོན་ཁང་ཆེ་གྲས་སུ་ཉར་ཚགས་བྱས་པའི་གསར་བརྗེའི་རིག་དངོས་དང་རྗེས་ཤུལ་གྱི་པར་རིས་གསེད་དཀྲོལ་བྱས་པར་ཁྱོན་བསྡོམས་གསར་བརྗེའི་རིག་དངོས་རྩ་ཆེན་བརྒྱ་ལ་ཉེ་བ་འདེམས་སྒྲུག་བྱས་པ་དེ་སྲོལ་རྒྱུན་གྱི་རྟེན་རྫས་བཤམས་མཛོད་ཁང་ཁེར་རྐྱང་གིས་ཉར་ཚགས་བྱས་པའི་གསར་བརྗེའི་རིག་དངོས་འགྲེམས་སྟོན་བྱེད་པའི་ཚད་ཡོད་ཀྱི་རྣམ་པར་འགྱུར་ལྡོག་བཏང་སྟེ་ཐེངས་དང་པོར་ཞིང་ཆེན་དེ་ཡོངས་ཀྱི་གསར་བརྗེའི་རིག་དངོས་སྦྲེལ་མཐུད་ནུས་ལྡན་བྱས་ནས་དུས་ཚོད་ཀྱི་བརྒྱུད་རིམ་ལྟར་ཧུའུ་པེའི་ས་ཁོངས་སུ་ཐོན་པའི་གསར་བརྗེའི་གཏམ་རྒྱུད་བརྒྱུད་རིམ་ལྡན་པའི་ངང་བརྗོད་པ་དང་། ཧུའུ་པེའི“ལོ་ཉེར་བརྒྱད་རིང་གི་དར་དམར་མ་འགྱེལ་བའི”སྤྱིར་བཏང་མིན་པའི་ལོ་ཟླར་བརྩེ་སེམས་ཟབ་མོས་དྲན་གསོ་དང་བསྟོད་འབུལ་བྱས་ནས་ཀྲུང་གོའི་གསར་བརྗེའི་མེ་སྟག་མཆེད་པའི་རྣམ་པ་ཕྲ་མཐོང་ཆེ་ཤེས་ཀྱིས་མངོན་པར་བྱས་ཡོད།

ད་ཐེངས་ཀྱི་འགྲེམས་སྟོན་ནི་ཧུའུ་པེ་ཞིང་ཆེན་གྱི་གསར་བརྗེའི་རིག་དངོས་གསོན་པ་ལྟར་བེད་སྤྱོད་པའི་དགེ་མཚན་ལྡན་པའི་ཚོད་ལྟ་ཞིག་རེད། གསར་བརྗེའི་རིག་དངོས་རྩ་ཆེན་བརྒྱ་ལ་ཉེ་བ་འདེམས་སྒྲུག་བྱས་ཏེ་པར་རིས་ཀྱི་རྣམ་པའི་ཐོག་ནས་སྐོར་སྐྱོད་འགྲེམས་སྟོན་སྒྲིག་འཛུགས་བྱས་ཤིང་། ཆུ་ཚོད་གཅིག་གི་ནང་ཧུའུ་པེའི་གསར་བརྗེའི་ལོ་རྒྱུས་ལ་ལྟ་བ་དང་། མི་སེམས་འགུལ་བའི་དཔའ་བོའི་གཏམ་རྒྱུད་ཡིད་ལ་འཇགས་པ། གསར་བརྗེའི་སྙིང་སྟོབས་རླབས་ཆེན་ཤེས་ཚོར་བྱེད་པ། གསར་བརྗེའི་ས་བོན་རྒྱུན་འཛིན་བྱེད་པ་སོགས་རེད།