《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年06月14日

2021ལོའི་རིག་གནས་དང་རང་བྱུང་ཤུལ་བཞག་ཉིན་མོའི“ལོ་རྒྱུས་ཡུན་རིང་ལྡན་པའི་བཟོ་རྩལ། མི་རབས་ནས་མི་རབས་བར་དུ་བརྒྱུད”ཅེས་པའི་ཀྲུང་གོའི་སྲོལ་རྒྱུན་བཟོ་རྩལ་གདན་ཞུའི་འགྲེམས་སྟོན་འགོ་ཚུགས་པ།

འདི་ག་ཚགས་པར་ཁང་དུ་ཧྲང་ཧའེ་ནས་ཟླ་6ཚེས་12ཉིན་གློག་འཕྲིན་འབྱོར་གསལ། ཟླ་6ཚེས་12ཉིན། རིག་གནས་དང་ཡུལ་སྐོར་པུའུ་དང་ཧྲང་ཧའེ་གྲོང་ཁྱེར་མི་དམངས་སྲིད་གཞུང་གིས་མཉམ་དུ་གཙོ་གཉེར་བྱས་པའི“ལོ་རྒྱུས་ཡུན་རིང་ལྡན་པའི་བཟོ་རྩལ། མི་རབས་ནས་མི་རབས་བར་དུ་བརྒྱུད”ཅེས་པའི་ཀྲུང་གོའི་སྲོལ་རྒྱུན་བཟོ་རྩལ་གདན་ཞུའི་འགྲེམས་སྟོན་ཧྲང་ཧའེ་པའོ་ཧྲན་རྒྱལ་སྤྱིའི་དམངས་ཁྲོད་སྒྱུ་རྩལ་དངོས་མང་སྟོན་ཚོགས་ཁང་དུ་འགོ་ཚུགས་པ་དང་། རིག་གནས་དང་ཡུལ་སྐོར་པུའི་ཏང་ཙུའི་ཁོངས་མི་ཝང་ཞའོ་ཧྥུང་དང་ཧྲང་ཧའེ་གྲོང་ཁྱེར་གྱི་ཧྲི་ཀྲང་གཞོན་པ་ཁྲེན་ཐུང་འགོ་ཚུགས་མཛད་སྒོར་ཞུགས་པ་རེད།

ད་ཐེངས་ཀྱི་གདན་ཞུའི་འགྲེམས་སྟོན་ནི་2021ལོའི“རིག་གནས་དང་རང་བྱུང་ཤུལ་བཞག་ཉིན་མོའི”བྱེད་སྒོ་གཙོ་བོའི་གྲས་ཤིག་ཡིན་ཞིང་། ཧྲང་ཧའེ་གྲོང་ཁྱེར་དུ་འགྲེམས་ཁང་གཙོ་བོ་1དང་ཡན་ལག་འགྲེམས་ཁང་5བཙུགས་པར་རྒྱལ་ཡོངས་ཀྱི་ཞིང་ཆེན(རང་སྐྱོང་ལྗོངས་དང་གྲོང་ཁྱེར)31དང་ཤིན་ཅང་གི་ཐོན་སྐྱེད་འཛུགས་སྐྲུན་པིང་ཐོན་གྱི་མངོན་མིན་རིག་གནས་ཤུལ་བཞག་གི་ཚབ་མཚོན་རང་བཞིན་གྱི་རྒྱུན་འཛིན་པ་1200ལྷག་ཙམ་གྱི་བརྩམས་ཆོས(ཆ་ཚང)1500ལྷག་ཙམ་འགྲེམས་སྟོན་བྱས་པའི་ཁྲོད། ཏང་དབུ་བརྙེས་ནས་ལོ་ངོ་བརྒྱ་འཁོར་བའི་ལོ་རྒྱུས་ཀྱི་དུས་སྐབས་མི་འདྲ་བའི་སྲོལ་རྒྱུན་བཟོ་རྩལ་རྩེ་གྲ་འགྲེམས་སྟོན་བྱས་པ་དང་། དེང་རབས་ཀྱི་སྲོལ་རྒྱུན་བཟོ་རྩལ་རྒྱུན་འཛིན་པས་གསར་རྩོམ་བྱས་པའི་བསམ་བློའི་ཉིང་བཅུད་དང་། རྩེར་སོན་སྒྱུ་རྩལ། སྤུས་ལེགས་བཟོ་སྐྲུན། དུས་རབས་སྒྱུ་རྩལ་གྱི་ཉམས་འགྱུར་མཚོན་པའི་བརྩམས་ཆོས་བཅས་ཀྱང་འགྲེམས་སྟོན་བྱས་ཡོད་ལ། ད་དུང་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་མི་དམངས་མང་ཚོགས་ཀྱི་རེ་འདོད་སྐོང་བ་དང་དེ་བཞིན་དབུལ་སྒྲོལ་འགག་སྒྲོལ་དང་གྲོང་གསེབ་དར་རྒྱས་སོགས་རྒྱལ་ཁབ་ཀྱི་འཐབ་ཇུས་གལ་ཆེན་ཁྲོད་དགེ་མཚན་ལྡན་པའི་ནུས་པ་ཐོན་པའི་བརྩམས་ཆོས་ཀྱང་འགྲེམས་སྟོན་བྱས་པ་དེ་དག་ཐོག་ནས་ཀྲུང་གོ་གུང་ཁྲན་ཏང་གིས་སྲོལ་རྒྱུན་བཟོ་རྩལ་ལ་ཐུགས་ཁུར་དང་རོགས་སྐྱོར་བྱས་པ་མཚོན་པ་དང་། ཏང་དང་རྒྱལ་ཁབ་ཀྱི་ཐུགས་ཁུར་དང་རོགས་སྐྱོར་འོག་སྲོལ་རྒྱུན་བཟོ་རྩལ་རྒྱུན་འཛིན་དང་འཕེལ་རྒྱས་བྱུང་བ་མ་ཟད། གསར་གཏོད་རང་བཞིན་གྱི་གཞན་སྒྱུར་དང་གསར་གཏོད་རང་བཞིན་གྱི་འཕེལ་རྒྱས་ཀྱང་བྱུང་ནས་དེང་རབས་ཀྱི་འཚོ་བ་དང་མཉམ་འདྲེས་ཐུབ་པ་དང་དེང་རབས་ཀྱི་རིན་ཐང་དར་སྤེལ་བྱུང་བའི་གསོན་ཉམས་དོད་པའི་རྣམ་པ་མཚོན་ཡོད།