《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年06月14日

ཅང་སུའུ་སི་ཧུང་དུ། སློབ་གྲྭར་མངོན་མིན་རིག་གནས་ཤུལ་བཞག་ཁྱབ་གདལ་གྱིས་ལྔ་པའི་ཚེས་ལྔའི་དུས་ཆེན་བསུ་བ།

ཅང་སུའུ་ཞིང་ཆེན་སུའུ་ཆན་གྲོང་ཁྱེར་སི་ཧུང་རྫོང་པན་ཁྲེང་གྲོང་རྡལ་ནི་མངོན་མིན་རིག་གནས་ཤུལ་བཞག་གི་ཡུལ་གྲགས་ཅན་ཞིག་ཡིན་ཞིང་། རྫོང་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་15དང་གྲོང་ཁྱེར་རིམ་པ་ཡན་གྱི་རིག་གནས་ཤུལ་བཞག་5ཡོད་པ་ནས་ཤོག་བརྐོས་ནི་དེ་དག་ཁྲོད་ཀྱི་གྲས་ཤིག་རེད།

ཟླ་6ཚེས་11ཉིན། ཅང་སུའུ་ཞིང་ཆེན་སུའུ་ཆན་གྲོང་ཁྱེར་སི་ཧུང་རྫོང་པན་ཁྲེང་གྲོང་རྡལ་གྱི“སློབ་གྲྭར་མངོན་མིན་རིག་གནས་ཤུལ་བཞག་ཤོག་བརྐོས་ཁྱབ་གདལ་བཏང་ནས་ལྔ་པའི་ཚེས་ལྔའི་དུས་ཆེན་བསུ་བའི”བྱེད་སྒོ་གྲོང་རྡལ་དེའི་ཞོལ་ཧྥུང་སློབ་གྲྭར་སྤེལ་བ་དང་། ས་གནས་དེ་གའི་མངོན་མིན་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་པ་སུའུ་ལི་ཀོང་གིས་སློབ་མ་ཚོར་མངོན་མིན་རིག་གནས་ཤུལ་བཞག་ཤོག་བརྐོས་ལག་རྩལ་བསླབས་པ་མ་ཟད་སློབ་མ་ཚོ་དང་མཉམ་དུ་ཤོག་བརྐོས་བརྩམས་ཆོས་བཟོས་ཏེ“རིག་གནས་དང་རང་བྱུང་ཤུལ་བཞག་ཉིན་མོ”དང་ལྔ་པའི་ཚེས་ལྔའི་དུས་ཆེན་བསུས་པ་རེད།