《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年06月14日

འབྲུ་འདེབས་དུད་ཆེན་བརྔ་བསྡུར་བྲེལ།

གྲོ་བརྔ་བསྡུའི་དུས་ཚིགས་སུ་ཧྲན་ཏུང་ཞིང་ཆེན་ལེའོ་ཁྲེང་གྲོང་ཁྱེར་ཁྲེ་ཕིང་ཆུས་གཡོད་ཕིང་ཕུའུ་གྲོང་རྡལ་ཏ་ཧན་གྲོང་ཚོའི་ཞིང་པའི་འདེབས་འཛུགས་ཆེད་ལས་མཉམ་ལས་ཁང་གི་མུའུ་400ལྷག་ཙམ་ཟིན་པའི་གྲོ་ཡོངས་སུ་སྨིན་ནས་བརྔ་བསྡུའི་དུས་སུ་སླེབས་ཡོད། ལོ་39ལ་སླེབས་པའི་མཉམ་ལས་ཁང་གི་འགན་འཁུར་བ་ཧན་ཆན་ཅང་གིས་མཉམ་འབྲེལ་བརྔ་བསྡུ་འཕྲུལ་འཁོར་ཆེ་གྲས་6བཏང་ནས་མུའུ་400ཟིན་པའི་གྲོ་ཞིང་ཐོག་སྤུས་ལེགས་ཀྱི་གྲོ་བརྔ་བསྡུ་དང་། སྐྱེལ་འདྲེན། མཛོད་འཇུག་བཅས་བྱེད་བཞིན་ཡོད། སྔོན་དཔག་བྱས་ན། མུའུ་རེ་ནས་སྤུས་ལེགས་ཀྱི་གྲོ་རྒྱ་མ་1400ཐོན་ཐུབ་རེ་ཡོད།

ཧྲན་ཏུང་ཞིང་ཆེན་ལེའོ་ཁྲེང་གྲོང་ཁྱེར་གྱི་མུའུ་617ཟིན་པའི་གྲོ་ཡོངས་སུ་སྨིན་ནས་ས་གནས་དེ་གའི་ཞིང་པས་གྲོ་གང་མགྱོགས་བསྡུ་བ་དང་སྐམ་སྟེ་དབྱར་འབྲུ་རྡོག་པོ་གཅིག་ཀྱང་མི་ལུས་པར་མཛོད་འཇུག་ཐུབ་པའི་འགན་ལེན་བྱས་ཡོད།

འདི་ནི་ཟླ་6ཚེས་12ཉིན་ཧྲན་ཏུང་ཞིང་ཆེན་ལེའོ་ཁྲེང་གྲོང་ཁྱེར་ཁྲེ་ཕིང་ཆུས་གཡོད་ཕིང་ཕུའུ་གྲོང་རྡལ་ཏ་ཧན་གྲོང་ཚོར་མཉམ་འབྲེལ་བརྔ་བསྡུ་འཕྲུལ་འཁོར་ཆེ་གྲས་བཞིས་གྲོ་ཞིང་ནང་གྲོ་བརྔ་བསྡུ་བྱེད་བཞིན་པ།