《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年06月14日

ཀྲུང་ཡོའི་དུས་གཏན་མེ་འཁོར་རིམ་རྩིས་བྱས་ན་ཁྲི་4ཙམ་བཏང་བ།

ཡོ་རོབ་ཀྱི་རྒྱལ་ཁབ་22ཀྱི་གྲོང་ཁྱེར་160ལྷག་ཙམ་ལ་ཤར་གཏོང་ཐུབ་པ།

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཚེས་12ཉིན། གསར་འགོད་པར་རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་ནས་ཤེས་རྟོགས་བྱུང་བར། ཟླ་ལྔ་པར་ཀྲུང་ཡོའི་དུས་གཏན་མེ་འཁོར་1357བཏང་བ་དང་དངོས་ཟོག་དོས་སྒམ་ཁྲི་13.1དབོར་འདྲེན་བྱས་པ་དེ་དུས་མཚུངས་ལས་31%དང་40%སོ་སོར་འཕར་ཡོད་པ་རེད། 2021ལོའི་ཟླ་5པའི་ཟླ་མཇུག་བར་ཀྲུང་ཡོའི་དུས་གཏན་མེ་འཁོར་ཁྱོན་ཁྲི་4ཙམ་བཏང་ནས་དངོས་ཟོག་དོས་སྒམ་ཁྲི་355ཙམ་དབོར་འདྲེན་བྱས་པ་དེ་དག་ཡོ་རོབ་ཀྱི་རྒྱལ་ཁབ་22ཀྱི་གྲོང་ཁྱེར་160ལྷག་ཙམ་ལ་ཤར་གཏོང་ཐུབ་ཡོད་པ་རེད།

ཉེ་ཆར། “རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་ལས་དོན་འགོ་ཁྲིད་ཚོགས་ཆུང་གཞུང་དོན་ཁང་གི་ལས་དོན་མི་སྣ་ཤིན་ཅང་ཧོར་གོ་སིར་བསྐྱོད་དེ་ས་ཆ་དངོས་སུ་ཀྲུང་ཡོའི་དུས་གཏན་མེ་འཁོར་ལ་ཆེད་དོན་བརྟག་ཞིབ་བྱས་པ་དང་འབྲེལ་ཚོགས་འདུ་ཡང་འཚོགས་པ་རེད། “རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་ལས་དོན་ལ་སྐུལ་འདེད་གཏོང་བའི་འགོ་ཁྲིད་ཚོགས་ཆུང་གཞུང་དོན་ཁང་གི་ཀྲུའུ་རེན་གཞོན་པ་དང་རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཉིང་ཅི་ཀྲེ་ཡིས། ཀྲུང་ཡོའི་དུས་གཏན་མེ་འཁོར་ནི་གླིང་ཆེན་བརྒལ་བ་དང་། རྒྱལ་མཚམས་སྒྲོལ་བ། ལམ་ཐག་རིང་བ། སྐྱེལ་འདྲེན་བྱེད་འབོར་མང་བ་བཅས་ཀྱི་སྐྱེལ་འདྲེན་བྱེད་སྟངས་གསར་པ་ཞིག་ཡིན་པ། དེ་ནི་རང་རྒྱལ་འདི་ཉིད་གོ་ལ་ཧྲིལ་པོའི་སྒོ་དབྱེའི་མཉམ་ལས་ནང་ཞུགས་པ་དང་། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱེད་པ། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་རྒྱུར་སྐུལ་འདེད་གཏོང་བ་བཅས་ཀྱི“ཀྲུང་གོའི་ཇུས་གཞི”ཞིག་ཡིན་པ་དེ་ལམ་རྒྱུད་རྒྱལ་ཁབ་ཀྱིས་ཁས་ལེན་རྒྱ་ཁྱབ་བྱེད་པའི་རྒྱལ་སྤྱིའི་སྤྱི་པའི་ཐོན་རྫས་ཤིག་ཏུ་གྱུར་ཡོད་པ་རེད། ལྷག་པར་དུ་གློ་བུར་དུ་ཐོན་པའི་ཏོག་གསར་གློ་ཚད་རིམས་ནད་ཀྱི་མདུན་དུ་ཀྲུང་ཡོའི་དུས་གཏན་མེ་འཁོར་ཚད་བཀག་མེད་པར་འཕར་བ་དང་བདེ་འཇགས་དང་བརྟན་པོའི་ངང་འཁོར་སྐྱོད་ཐུབ་པ་དེ་ཐོག་ནས་ཨེ་ཤེ་ཡ་དང་ཡོ་རོབ་ཀྱི་སྐམ་ས་ཆེ་མོའི་ཟམ་ཆེན་གྱི་ཚོང་དོན་ཤར་གཏོང་ཁྲོད་ནུས་པ་གལ་ཆེན་ཐོན་པ་མངོན་པ་དང“རྒྱུད་གཅིག་ལམ་གཅིག”མཉམ་དུ་བསྐྲུན་རྒྱུའི་གྲོས་འགོའི་གསོན་ཤུགས་ཆེན་པོ་ཡང་མངོན་ཡོད་པ་རེད།