《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年06月10日

ཕུའུ་ཅིང་གིས《མཁའ་དབྱིངས་སྒོ་དབྱེའི་ཆིངས་ཡིག》ལས་ཕྱིར་འཐེན་བྱེད་པའི་བཅའ་ཁྲིམས་ཀྱི་འཆར་ཟིན་ལ་མིང་རྟགས་བཀོད་པ།

ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་མོ་སི་ཁོ་ནས་གློག་འཕྲིན་འབྱོར་གསལ། ཚེས་7ཉིན་ཨུ་རུ་སུའི་བཅའ་ཁྲིམས་ཆ་འཕྲིན་དྲ་ཚིགས་ཀྱིས་ཡོངས་བསྒྲཌ་བྱས་པའི་ཡིག་ཆ་ལྟར་ན། ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་གིས་དེ་ཉིན《མཁའ་དབྱིངས་སྒོ་དབྱེའི་ཆིངས་ཡིག》ལས་ཕྱིར་འཐེན་བྱེད་པའི་བཅའ་ཁྲིམས་ཀྱི་འཆར་ཟིན་ལ་མིང་རྟགས་བཀོད་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། ཕུའུ་ཅིང་གིས་འཆར་ཟིན་དེར་མིང་རྟགས་བཀོད་རྗེས་ཨུ་རུ་སུ་ཕྱོགས་ཀྱིས་ཟླ་དྲུག་གི་རྗེས་སུ《མཁའ་དབྱིངས་སྒོ་དབྱེའི་ཆིངས་ཡིག》ལས་དངོས་སུ་ཕྱིར་འཐེན་བྱ་རྒྱུ་ཡིན་པ་རེད།

2020ལོའི་ཟླ་5པར་སྐབས་དེའི་ཨ་རིའི་ཙུང་ཐུང་ཐེ་རོན་ཕུས་ཨུ་རུ་སུས《མཁའ་དབྱིངས་སྒོ་དབྱེའི་ཆིངས་ཡིག》ལས་འགལ་བའི་སྐྱོན་འཛུགས་བྱས་པ་དང་། ཨ་རིའི་རྒྱལ་དོན་ཁང་གིས་དེ་འཕྲལ་ཆིངས་འཇོག་མཁན་རྒྱལ་ཁབ་གཞན་དག་ལ་ཆིངས་ཡིག་ནས་ཕྱིར་འཐེན་བྱ་རྒྱུའི་གཏན་འབེབས་བརྡ་ཁྱབ་བྱས་པ་རེད། ཨུ་རུ་སུ་ཕྱོགས་ཀྱིས་ཨ་རིའི་སྐྱོན་འཛུགས་ལ་གཞི་འཛིན་ས་གཏན་ནས་མེད་ཅེས་བརྗོད་ཡོད། ལོ་དེའི་ཟླ་11པར་ཨ་རིས་ཆིངས་ཡིག་དེ་ནས་དངོས་སུ་ཕྱིར་འཐེན་བྱས་པ་ཁྱབ་བསྒྲགས་བྱས་པ་རེད།

ཨུ་རུ་སུ་ཕྱོགས་ཀྱི་དཔོན་རིགས་ཀྱིས་ཟླ་འདིའི་ཟླ་འགོར་རྣམ་འགྱུར་མཚོན་པའི་གཏམ་བཤད་སྤེལ་བ་ལྟར་ན། ཨ་རི་ཕྱོགས《མཁའ་དབྱིངས་སྒོ་དབྱེའི་ཆིངས་ཡིག》ནང་སྡོད་རྒྱུར་སྐུལ་འདེད་གཏོང་ཆེད་ཨུ་རུ་སུ་ཕྱོགས་ཀྱིས་འབད་བརྩོན་བྱས་པ་མ་ཟད་ཐབས་ཤེས་ཡོད་རྒུ་བཏང་ཡང་ནུས་པ་མ་ཐོན་པས། ཨུ་རུ་སུ་ཕྱོགས་ཀྱིས་ཆིངས་ཡིག་དེ་མཚམས་འཇོག་བྱ་རྒྱུ་ནི་མིག་སྔའི་གནས་ཚུལ་དང་མཐུན་པའི་གདམ་ག་ཡང་དག་པ་ཞིག་ཡིན་པའི་ངོས་འཛིན་བྱས་ཡོད་པ་རེད།

(བསྟན་བློས་བསྒྱུར། པ་སངས་སྒྲོན་ལགས་དང་བསྟན་བློས་ཞུས)