《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年06月10日

འབར་མའི་འགོ་ཁྲིད་མི་སྣས་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་དང་ཐུན་མོང་ཐོག་འབད་བརྩོན་བྱས་ནས་རྒྱལ་ནང་གི་དུས་བབ་བརྟན་ལྷིང་སྲུང་སྐྱོང་བྱེད་འདོད་ཡོད་ཅེས་བརྗོད་པ།

ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་རང་ཀོང་ནས་ཟླ་6ཚེས་6ཉིན་གློག་འཕྲིན་འབྱོར་གསལ། ཚེས་5ཉིན་འབར་མའི་འགོ་ཁྲིད་མི་སྣ་མིང་ཨང་ལའེ་ཡིས་ནེ་པི་ཏུའུ་རུ་འབར་མར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ཁྲེན་ཧའེ་དང་ཐུག་འཕྲད་བྱེད་སྐབས། འབར་མ་ཕྱོགས་ཀྱིས་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་དང་ཐུན་མོང་ཐོག་འབད་བརྩོན་བྱས་ནས་འབར་མའི་རྒྱལ་ནང་གི་དུས་བབ་བརྟན་ལྷིང་སྲུང་སྐྱོང་བྱ་རྒྱུར་གཞོལ་ཏེ་འབྲེལ་ཡོད་ཀྱི་ཐུན་མོང་ངོས་འཛིན་མཐུན་སྦྱོར་དང་དོན་འཁྱོལ་བྱེད་འདོད་ཡོད་ཅེས་བརྗོད་པ་རེད།

འབར་མར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན། མིང་ཨང་ལའེ་ཡིས་འབར་མའི་རྒྱལ་ནང་གི་དུས་བབ་ངོ་སྤྲོད་བྱས་ནས་འབར་མ་ཕྱོགས་ཀྱིས་རྒྱལ་ཁབ་བརྟན་ལྷིང་དང་དཔལ་འབྱོར་དང་དམངས་འཚོ་འཕེལ་རྒྱས་དང་། དམངས་གཙོ་དང་ཁྲིམས་ལུགས་སྲུང་སྐྱོང་བྱེད་པར་གཞོལ་བཞིན་ཡོད། ཀྲུང་གོ་ནི་འབར་མའི་ཁྱིམ་མཚེས་རྒྱལ་ཁབ་གལ་ཆེན་ཞིག་ཡིན་པས་འབར་མ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་འབྲེལ་གཏུག་རྒྱུན་འཁྱོངས་བྱེད་འདོད་ཡོད་ཅེས་བརྗོད་པ་རེད།

ཁྲེན་ཧའེ་ཡིས་ཀྲུང་གོ་ཕྱོགས་ཀྱིས་ཀྲུང་འབར་དབར་གྱི་སྲོལ་རྒྱུན་མཛའ་གྲོགས་ཐོག་མཐའ་བར་གསུམ་དུ་རྩ་ཆེན་དུ་བཟུང་ནས་མཐོང་ཆེན་བྱེད་ཀྱི་ཡོད། འབར་མའི་དུས་བབ་སྔ་ཙམ་ཞི་བདེ་བརྟན་ལྷིང་སླར་གསོ་བྱུང་ནས་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་དང་འབར་མ་ཕྱོགས་ཀྱིས་དོན་འཁྱོལ་བྱས་པའི་ཐུན་མོང་ངོས་འཛིན་ལ་རྒྱབ་སྐྱོར་བྱེད་ཐུབ་པའི་རེ་བ་སྙིང་དབུས་ནས་བྱེད་ཀྱི་ཡོད། ཀྲུང་གོ་ཕྱོགས་ཀྱིས་དེའི་ཐད་དགེ་མཚན་ལྡན་པའི་ནུས་པ་མུ་མཐུད་འདོན་འདོད་ཡོད་ཅེས་བརྗོད་པ་རེད།

ཕྱོགས་གཉིས་པོས་ད་དུང་ཀྲུང་གོ་དང་འབར་མའི་འབྲེལ་བ་དང་ཏོག་གསར་རིམས་ནད་མཉམ་དུ་སྔོན་འགོག་དང་མཉམ་དུ་ཚོད་འཛིན་སོགས་ཀྱི་ཐད་བསམ་འཆར་བརྗེ་རེས་བྱས་པ་རེད།