《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年06月10日

ཧའེ་ནན་གྱིས་སྨི་ལན་ནས་ཧའེ་ཁོའུ་བར་གྱི་རྒྱལ་སྤྱིའི་མཁའ་ལམ་བཏོད་པ།

ཟླ་6ཚེས་7ཉིན་དབྱི་ཐ་ལིའི་སྨི་ལན་ནས་འཕུར་བའི་ཀྲུང་གོ་ལྷོ་ཕྱོགས་མཁའ་འགྲུལ་CZ8054དུས་གཏན་གནམ་གྲུ་ཧའེ་ཁོའུ་མེ་ལན་རྒྱལ་སྤྱིའི་གནམ་ཐང་དུ་བབས་པ་དེ་ཐོག་ནས་སྨི་ལན་ནས་ཧའེ་ཁོའུ་བར་གྱི་འཕུར་སྐྱོད་ལས་འགན་ཐོག་མ་ལེགས་གྲུབ་བྱུང་བ་དང་། ཧའེ་ནན་དུ་རྒྱལ་སྤྱིའི་ཟོག་འདྲེན་དུས་གཏན་མཁའ་ལམ་གཞན་ཞིག་མང་དུ་ཕྱིན་པ་མཚོན་ཡོད། ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་དུས་གཏན་གནམ་གྲུའི་ནང་གཙོ་བོ་དབྱི་ཐ་ལི་དང་སུའེ་ཙེར་གྱི་བྱུག་རྫས་དང་། གྱོན་ཆས་སོགས་དར་སོའི་དངོས་རྫས་བླུགས་ཡོད་པ་རེད། སྨི་ལན་ནས་ཧའེ་ཁོའུ་བར་གྱི་ཟོག་འདྲེན་མཁའ་ལམ་ཤར་གཏོང་ཐུབ་སྟེ་བཟོ་གྲྭ་ནས་གནམ་ཐང་བར་ཚོང་ཟོག་སྐྱེལ་འདྲེན་བྱེད་པ་དང་དེ་རྗེས་ཧའེ་ནན་གྱི་ཚོང་གྲོང་གི་ཚོང་སྒྲོམ་ཐོག་བསྒྲིགས་པའི་བར་ཉིན་གཉིས་ལས་འགོར་གྱི་མེད་པས། དུས་ཚོད་དང་མ་དངུལ་གྲོན་ཆུང་ཐུབ་ཀྱི་ཡོད།

འདི་ནི་ཧའེ་ཁོའུ་མེ་ལན་རྒྱལ་སྤྱིའི་གནམ་ཐང་དུ་ལས་དོན་པས་གནམ་གྲུ་ནས་ཚོང་ཟོག་འབེབས་བཞིན་པ།