《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年06月10日

“རིམས་འགོག་སྨན་ཁབ་རྒྱག་པའི་བྱ་སྤྱོད” ཆ་ཏེ་རུ་སྤེལ་འགོ་ཚུགས་པ།

ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཡཱ་དབུན་ཏེ་ནས་གློག་འཕྲིན་འབྱོར་པ་གཞིར་བཟུང་། ཕྱི་རྒྱལ་དུ་ཡོད་པའི་ཀྲུང་གོའི་སྤྱི་དམངས་ལ“ཏོག་གསར་རིམས་འགོག་སྨན་ཁབ་རྒྱག་པའི་བྱ་སྤྱོད”དེ་ཚེས་5ཉིན་ཆ་ཏེ་རུ་དངོས་སུ་སྤེལ་འགོ་ཚུགས་པ་དང་། འཆར་གཞི་ལྟར་ན། ཉིན་14ཡི་ནང་ཆ་ཏེ་རུ་ཡོད་པའི་ཀྲུང་གོའི་སྤྱི་དམངས་ལ་ཀྲུང་གོས་ཐོན་སྐྱེད་བྱས་པའི་ཏོག་གསར་རིམས་འགོག་སྨན་ཁབ་དང་པོ་དེ་བརྒྱབ་ནས“ཁྱོན་ཡོངས་ལ་ཁྱབ་པ”བྱ་རྒྱུ་ཡིན་པ་རེད།

ཆ་ཏེ་རུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་གིས་ཚེས་5ཉིན་ནས་བཟུང་། ཆ་ཏེ་ཡི་རྒྱལ་ས་ཨིན་ཅ་མེ་ན་དང་ཧྲ་ལི-པ་ཅིར་སྨིའི་སྣུམ་ཞིང་སྒར་ས་གཉིས་ཀྱི་སྨན་ཁབ་རྒྱག་ཡུལ་དུ་སྔ་རྗེས་སུ“རིམས་འགོག་སྨན་ཁབ་རྒྱག་པའི་བྱ་སྤྱོད”སྤེལ་ནས་ཆ་ཏེ་རུ་ཡོད་པའི་ཀྲུང་གོའི་སྤྱི་དམངས་ལ་ཀྲུང་གོ་རྒྱལ་སྨན་ཚོགས་པ་ཀུང་སིས་བཟོས་པའི་ཏོག་གསར་རིམས་འགོག་སྨན་ཁབ་བརྒྱབ་པ་རེད།