《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年06月10日

པུར་ཀ་རི་ཡའི་ཁཱ་ཙན་ལེ་ཁེས་རྒྱ་སེ་མེ་ཏོག་གི་དུས་ཆེན་ལ་རྟེན་འབྲེལ་ཞུས་པ།

པུར་ཀ་རི་ཡར་སྔར་ནས་སྐད་གྲགས་ལྡན་པའི་རྒྱ་སེ་མེ་ཏོག་གི་དུས་ཆེན་དེ“རྒྱ་སེ་མེ་ཏོག་གྲོང”ཞེས་འབོད་པའི་ཁཱ་ཙན་ལེ་ཁེར་གཟབ་རྒྱས་ངང་འཚོགས་ཡོད། ཁཱ་ཙན་ལེ་ཁེ་དེ་པུར་ཀ་རི་ཡའི་རྒྱལ་ས་སོ་ཧྥེ་ཡ་དང་སྤྱི་ལེ་200ཙམ་ཆོད་པ་དང་པར་ཀན་རི་རྒྱུད་ལྷོ་འདབས་ཀྱི་ལུང་ཤུར་གྱི་ལྟེ་བར་ཆགས་ནས་གང་སར་རྒྱ་སེ་མེ་ཏོག་རབ་ཏུ་བཞད་སྟབས་འཛམ་གླིང་ཐོག་སྐད་གྲགས་ཆེན་པོ་ལྡན། འདི་ནི་ཟླ་6ཚེས་6ཉིན་པུར་ཀ་རི་ཡའི་ཁཱ་ཙན་ལེ་ཁེར་མི་རྣམས་ཀྱིས་རྒྱ་སེ་མེ་ཏོག་དུས་ཆེན་གྱི་མེ་ཏོག་འཐུ་བའི་མཛད་སྒོར་འཁྲབ་སྟོན་བྱེད་བཞིན་པ།