《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年05月25日

མཚོ་སྔོན་རྨ་སྟོད་ཀྱི་ཡོམ་འགོག་གེགས་སེལ་ལས་དོན་རྒྱུན་མཐུད་སྤེལ་བཞིན་ཡོད་པ།

ཤིན་ཧྭ་གསར་འགྱུར་ཁང་ཟི་ལིང་ནས་ཟླ་5ཚེས་23ཉིན་གློག་འཕྲིན་འབྱོར་གསལ། ཟླ་5ཚེས་23ཉིན་འཚོགས་པའི་མཚོ་སྔོན་རྨ་སྟོད་ཀྱི“5·22”ས་ཡོམ་གྱི་ཡོམ་འགོག་གེགས་སེལ་ལས་དོན་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ཐེངས་བཞི་པའི་ཐོག་ནས་གསར་འགོད་པར་ཤེས་རྟོགས་བྱུང་བར། རེས་སྐོར་གཉིས་པའི་ཞིབ་བཤེར་རགས་ཙམ་བྱས་པ་བརྒྱུད། ཚེས་23ཉིན་གྱི་ཆུ་ཚོད་10བར། གེགས་ཁུལ་གྱི་མང་ཚོགས་ཁྲི་2ལྷག་ཙམ་ཉེན་གཡོལ་གནས་སྤོ་བྱས་པ་དང་། མིག་སྔར་ཡོམ་འགོག་གེགས་སེལ་ལས་དོན་བརྒྱུད་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད་པ་རེད།

མིག་སྔའི་བར། གེགས་ཁུལ་དུ་འབྱོར་པའི་ཕྱོགས་ཁག་གི་རོགས་སྐྱོབ་སྟོབས་ཤུགས་ཀྱི་རོགས་སྐྱོབ་དངོས་ཟོག་ཁྲོད་སྲིང་བལ་གྱི་གུར་དང་། སྲིང་བལ་ལྭ་རིང་། སྲིང་བལ་གྱི་ཉལ་ཆས། གྲང་འགོག་གྱོན་ཆས་སོགས་རིགས་12ཀྱི་དངོས་ཟོག་31461ཡོད་པ་དང་། གེགས་ཁུལ་གྱི་ཁྲོམ་རའི་ཚོང་ཟོག་གི་མཁོ་སྤྲོད་ཟོག་ཁུངས་སྤྱིའི་ཆ་ནས་འདང་ངེས་ཡོད་པས་ཉིན་10ཡས་མས་ཀྱི་ཡུལ་མིའི་འཚོ་བའི་དགོས་མཁོ་སྐོང་ཐུབ་པ་དང་། ཚོང་ཟོག་གི་རིན་གོང་བརྟན་པོ་ཡོད་ཅིང་། ཚོང་དོན་སྡེ་ཚན་གྱིས་གེགས་ཁུལ་གྱི་ཚོང་ཟོག་མཁོ་སྤྲོད་ཟོག་ཁུངས་ཀྱི་འབྲེལ་ཡོད་ལས་དོན་རྒྱུན་མཐུད་ཡག་པོ་སྒྲུབ་པ། གེགས་ཁུལ་གྱི་ཞག་སྡོད་སློབ་མ་དང་དེ་བཞིན་དམངས་སྲིད་ཕན་བདེ་སྒྲིག་གཞིའི་རྒན་རྒོན་དང་བྱིས་པ་ཚང་མ་བཀོད་སྒྲིག་ཡག་པོ་བྱུང་ཡོད་པ་རེད།

དེ་དང་ཆབས་ཅིག མཚོ་སྔོན་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་སྨན་བཅོས་རིགས་གཅིག་མཁས་ཅན་སྐོང་འཐེན་གྱིས་ཕྱོགས་བསྡུས་སྨན་བཅོས་འཕྲོད་བསྟེན་རོགས་སྐྱོབ་རིགས་གཅིག་མཁས་ཅན་ཚོགས་ཆུང་བཙུགས་ཏེ་རྨ་སྟོད་རྫོང་དུ་ས་གནས་དེ་གས་སྨན་བཅོས་འཕྲོད་བསྟེན་རོགས་སྐྱོབ་དང་། གེགས་རྗེས་རིམས་མཆེད་ཉེན་ཁར་དཔྱད་དཔོག རིམས་འགོག་སྨན་ཁབ་རྒྱག་པ་བཅས་ཀྱི་ལས་དོན་སྤེལ་བར་མཛུབ་ཁྲིད་དང་གཞོགས་འདེགས་བྱེད་པར་མངགས་པ་རེད། གློག་ཤུགས་དང་འཕྲིན་གཏོང་སྡེ་ཚན་གྱིས་མགྱོགས་མྱུར་ཉམས་གསོ་བྱས་པ་བརྒྱུད། གེགས་ཁུལ་དུ་གློག་དང་འཕྲིན་གཏོང་སླར་གསོ་བྱུང་ནས་ཤར་གཏོང་ཐུབ་ཡོད་པ་དང་། ཆུ་བེད་སྡེ་ཚན་གྱིས་ཆུ་མཛོད་དང་ཆུ་ཤུགས་གློག་ཁང་སོགས་ཆུ་བེད་སྒྲིག་བཀོད་གལ་ཆེན་ལ་གཅིག་སྡུད་གྲལ་བཤེར་བྱས་པར་དམིགས་བསལ་གནས་ཚུལ་ཤེས་རྟོགས་བྱུང་མེད་པ་རེད།