《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年05月25日

ཨེན་ཧྲེ་ཐུའུ་ཅ་ཡི་སྐྲུན་དངོས་རིག་གནས་གདན་ཞུས་ལྟར་ཝུའེ་ཉི་སིའི་ལོ་གཉིས་རེའི་སྐྲུན་དངོས་འགྲེམས་སྟོན་ལ་ཞུགས་པ།

⇑ འདི་ནི་ཡུལ་སྐོར་བས་ཧུའུ་པེའི་ཨེན་ཧྲེ་ཀྲོའུ་ཤོན་ཨེན་རྫོང་ཕུང་ཅ་གྲོང་སྡེའི་ལེང་ཧོ་ཁའུ་གནའ་ཁྲོམ་ཐོག་ཐུའུ་ཅ་ཡི་ཅོག་རིང་སྟོན་ཚོགས་མྱོང་རོལ་བྱེད་བཞིན་པ། འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། 2021ལོའི་ཟླ་5ཚེས་21ཉིན་གྱི་མཚན་མོའི་ཆུ་ཚོད་7དང་སྐར་མ་30ལ“ཐུའུ་ཅ་མཉམ་འཛོམས་བྱ་ཡུལ་གྱི་བསྐྱར་སྐྱེས —སྐབས་བཅུ་བདུན་པའི་ཝུའེ་ཉི་སིའི་ལོ་གཉིས་རེའི་སྐྲུན་དངོས་འགྲེམས་སྟོན”འགོ་ཚུགས་པ་རེད། ཧུའུ་པེའི་ཨེན་ཧྲེ་ཀྲོའུ་ཤོན་ཨེན་རྫོང་ཕུང་ཅ་གྲོང་སྡེའི་ལེང་ཧོ་ཁའུ་ཐུའུ་ཅ་གནའ་ཁྲོམ་འགོ་ཚུགས་མཛད་སྒོའི་ཡན་ལག་ཚོགས་རར་བརྩིས་ནས་རྒྱལ་མཚམས་སྒྲོལ་བའི་ཕྱོགས་གཉིས་ཀྱི་དྲ་ཐོག་འབྲེལ་མཐུད་ཐད་གཏོང་གི་བྱེད་ཐབས་སྤྱད་དེ་དབྱི་ཐ་ལིའི་ཝུའེ་ཉི་སི་ཁཱ་ནཱ་ལེ་ཅེ་ཨའུ་ཁུལ་གྱི་ཕོ་བྲང་ཆུས་ཁྲན་གྱི་ཚོགས་ར་གཙོ་བོ་དང་མཉམ་འགུལ་གྱིས་གོ་ལ་ཧྲིལ་པོར་ཕྱོགས་ཏེ་ཐུའུ་ཅ་གྲོང་སྡེའི་སྐྲུན་དངོས་རིག་གནས་ཁྱབ་གདལ་བཏང་བ་རེད། ཝུའེ་ཉི་སིའི་ལོ་གཉིས་རེའི་སྐྲུན་དངོས་འགྲེམས་སྟོན་ནི་འཛམ་གླིང་གི་སྒྱུ་རྩལ་འགྲེམས་སྟོན་ཆེན་པོ་གསུམ་གྱི་གྲས་ཤིག་ཡིན་པ་དང་འཛམ་གླིང་དུ་ཤུགས་རྐྱེན་ཆེ་ཤོས་ལྡན་པའི་རིག་གནས་སྒྱུ་རྩལ་དང་སྐྲུན་དངོས་སྟོན་ཚོགས་ཤིག་ཡིན་པས། རྒྱལ་སྤྱིའི་དེང་རབས་ཀྱི་སྒྱུ་རྩལ་འགྲེམས་སྟོན་གྱི་རིམ་པ་མཐོ་བའི་སྟོན་ཚོགས་ཤིག་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད། 2018ལོའི་ཟླ་5པར“ཀྲུང་གོའི་ཐུའུ་ཅ་ཡི་རྒྱ་ཁྱབ་རྟེན་རྫས་བཤམས་མཛོད་ཁང་དཔེ་མཚོན་དུ་བྱས་པའི”དབྱི་ཐ་ལིའི་སྐབས་བཅུ་དྲུག་པའི་ཝུའེ་ཉི་སིའི་ལོ་གཉིས་རེའི་སྐྲུན་དངོས་འགྲེམས་སྟོན་ལ་བདེ་བླག་ངང་འགྲེམས་སྟོན་བྱས་ཡོད།