《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年05月25日

ཧུའུ་ནན་གྱི་ཀྲུང་ཡོའི་དུས་གཏན་མེ་འཁོར་རིམ་རྩིས་བྱས་ན་ཐེངས་གྲངས་1200ལྷག་ཙམ་བཏང་བ།

⇐ ཉིན་ཤས་གོང་མེན་སི་ཁེར་རྡོག་ཐོན་བྱས་པའི་ཀྲུང་ཡོའི་དུས་གཏན་མེ་འཁོར་ཐེངས་X8426ཁྲང་ཧྲ་བྱང་ཚུགས་ཀྱི་དངོས་ཟོག་ས་ཚིགས་ནས་ཐོན་པ་དང་། ད་ཐེངས་ཀྱི་མེ་འཁོར་ལ་ཧུའུ་ནན་དང་མཐའ་འཁོར་ཞིང་ཆེན་གྱི་ལས་གྲྭའི་འཕྲུལ་ཆས་ལྷུ་ལག་དང་། འཁེལ་འཐག་ཐོན་རྫས། གློག་རྡུལ་ཐོན་རྫས་སོགས་དངོས་ཟོག་ཏུན་སྟོང་ཙམ་བླུགས་ཡོད། མིག་སྔར་ཧུའུ་ནན་ཀྲུང་ཡོའི་དུས་གཏན་མེ་འཁོར་ཧན་པའོ་གྲོང་ཁྱེར་དང་། པུ་ཏ་ཕེ་སི་གྲོང་ཁྱེར། མེན་སི་ཁེ་གྲོང་ཁྱེར་སོགས་ལམ་ཐིག་བཅུ་ལྷག་ཙམ་ལ་ཤར་གཏོང་ཐུབ་པ་དང་། ཟོག་འགྲེམས་ཞབས་འདེགས་རྒྱལ་ཁབ་30ལྷག་ཙམ་ལ་ཁྱབ་ཡོད། 2014ལོའི་ཟླ་བཅུ་པ་ནས་བཟུང་རིམ་རྩིས་བྱས་ན་ཀྲུང་ཡོའི་དུས་གཏན་མེ་འཁོར་ཐེངས་གྲངས་1200ལྷག་ཙམ་བཏང་བ་རེད། འདི་ནི་ཁྲང་ཧྲ་བྱང་ཚུགས་ཀྱི་དངོས་ཟོག་ས་ཚིགས་སུ་བཀོད་འདོམས་པས་མེ་འཁོར་ཐེངས་X8426ནང་དངོས་ཟོག་བླུག་བཞིན་པ།