《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年05月25日

ཝུའུ་ཀན་ཏར“རིམས་འགོག་སྨན་ཁབ་རྒྱག་པའི་བྱ་སྤྱོད”དངོས་སུ་སྤེལ་འགོ་ཚུགས་པ།

⇑ འདི་ནི་ཟླ་5ཚེས་22ཉིན་ཝུའུ་ཀན་ཏའི་རྒྱལ་ས་ཁམ་ཕ་ལར་ཝུའུ་ཀན་ཏར་ཡོད་པའི་ཕྱིར་སྡོད་རང་མིར་ཏོག་གསར་རིམས་འགོག་སྨན་ཁབ་རྒྱག་པའི་ཐོ་འགོད་བཞིན་པ།

ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཁམ་ཕ་ལ་ནས་ཟླ་5ཚེས་22ཉིན་གློག་འཕྲིན་འབྱོར་གསལ། ཚེས་22ཉིན་ཕྱི་རྒྱལ་དུ་ཡོད་པའི་ཀྲུང་གོའི་སྤྱི་དམངས་ལ་ཏོག་གསར་རིམས་འགོག་སྨན་ཁབ་རྒྱག་པའི་བྱ་སྤྱོད་ཝུའུ་ཀན་ཏར་དངོས་སུ་སྤེལ་འགོ་ཚུགས་ཤིང་། ཝུའུ་ཀན་ཏར་ཡོད་པའི་ཀྲུང་གོའི་སྤྱི་དམངས་345ལ་དེ་ཉིན་ཀྲུང་གོ་རྒྱལ་སྨན་ཚོགས་པའི་ཏོག་གསར་རིམས་འགོག་སྨན་ཁབ་བརྒྱབ་པ་རེད།

ཝུའུ་ཀན་ཏར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་གི་གནས་སྐབས་ལས་ཚབ་ཁྲེན་ཧུའེ་ཤིན་གྱིས་དེ་ཉིན་གྱི་འགོ་ཚུགས་མཛད་སྒོར། མེས་རྒྱལ་གྱི་སེམས་པ་ཐོག་མཐའ་བར་གསུམ་དུ་ཕ་ཡུལ་དང་བྲལ་བའི་མིའི་ཚེ་སྲོག་གི་བདེ་འཇགས་དང་གཟུགས་གཞིའི་བདེ་ཐང་ལ་འཕྲེང་བཞིན་ཡོད། “རིམས་འགོག་སྨན་ཁབ་རྒྱག་པའི་བྱ་སྤྱོད”དོན་འཁྱོལ་བྱ་ཆེད། ཝུའུ་ཀན་ཏར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཁང་གིས་ཝུའུ་ཀན་ཏ་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཚན་དང་སྤེལ་རེས་མཐུན་སྦྱོར་ཧུར་ཐག་བྱེད་པ་དང་། ཀྲུང་གོས་མ་རྩ་བཏང་བའི་ཁེ་ལས་ཀྱི་ཚོང་ཚོགས་དང་། ཀྲུང་གོའི་ཚོགས་པའི་མཉམ་འབྲེལ་ལྷན་ཚོགས། ཝུའུ་ཀན་ཏར་རོགས་སྐྱོར་བྱེད་མཁན་སྨན་བཅོས་རུ་ཁག་སོགས་ཀྱིས་གྲ་སྒྲིག་ནན་ཏན་བྱེད་པ། དང་བླངས་པས་ལེགས་སྐྱེས་འབུལ་སྤྲོ་བ་བཅས་ལས་ཝུའུ་ཀན་ཏར་ཡོད་པའི་སྒྲིག་གཞི་དང་ཕྱིར་སྡོད་རང་མིས་ཕྱར་བ་གྲུ་འདེགས་དང་འགན་འཁུར་ཕོད་པ་གང་ལེགས་མངོན་ཡོད་ཅེས་བརྗོད་པ་རེད།

ཁྲེན་ཧུའེ་ཤིན་གྱིས་ཝུའུ་ཀན་ཏར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཁང་གིས་སྔོན་ཆད་ལྟར་ཝུའུ་ཀན་ཏར་ཡོད་པའི་ཕྱིར་སྡོད་རང་མི་དང་ཀྲུང་གོས་མ་རྩ་བཏང་བའི་ཁེ་ལས་ལ་འགན་སྲུང་ཞབས་ཞུ་དང་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་རྒྱབ་སྐྱོར་ལས་དོན་ཡག་པོ་སྒྲུབ་ཀྱི་ཡིན་ཞེས་བརྗོད་པ་དང་ཆབས་ཅིག ཏོག་གསར་རིམས་འགོག་སྨན་ཁབ་བརྒྱབ་པའི་ཕྱིར་སྡོད་རང་མིས་མུ་མཐུད་རིམས་ནད་ཐད་འགོག་སྲུང་ཡག་པོ་བྱེད་དགོས་པའི་དྲན་སྐུལ་ཡང་བྱས་པ་རེད།