《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年04月30日

སི་ཁྲོན་མན་ཉིང་དུ་དྲག་ཆས་ཉེན་རྟོག་དཔོན་དམག་གིས་ནགས་ཚལ་མེ་སྐྱོན་གྱི་རོགས་སྐྱོབ་ལས་འགན་ལེགས་སྒྲུབ་བྱས་པ།

ཟླ་4ཚེས་20ཉིན་གྱི་ཆུ་ཚོད་16ཙམ་ལ་སི་ཁྲོན་ཞིང་ཆེན་མན་ཉིང་རྫོང་ཧྲི་ལུང་གྲོང་རྡལ་མཱ་ཨེན་གྲོང་ཚོའི་ཚོགས་ཆུང་9པའི་ནགས་ཁུལ་དུ་མེ་ཤོར་བས་དྲག་ཆས་ཉེན་རྟོག་ལེང་ཧྲན་ཉིང་ལག་རུ་ཁག་གི་དཔོན་དམག་300ལྷག་ཙམ་གྱིས་བཀའ་རྒྱ་འབྱོར་མ་ཐག་རྡོག་ཐོན་བྱས་ཏེ་ས་གནས་ཀྱི་ཆེད་ལས་མེ་གསོད་རུ་ཁག་ལ་གཞོགས་འདེགས་བྱས་ནས་ཉིན་མཚན་6འབད་འཐབ་བྱས་མཐར་ནགས་ཚལ་མེ་སྐྱོན་སེལ་བའི་ལས་འགན་ལེགས་གྲུབ་བྱུང་ཡོད།

ཕྱོགས་ཁག་གི་རོགས་སྐྱོབ་དཔུང་ཁག་གིས་ཉིན་ཤས་བསྟུད་མར་འབད་འཐབ་བྱས་པ་བརྒྱུད། མན་ཉིང་རྫོང་ཧྲི་ལུང་གྲོང་རྡལ་མཱ་ཨེན་གྲོང་ཚོའི་ནགས་ཚལ་གྱི་མེ་སྐྱོན་ཟླ་4ཚེས་26ཉིན་གྱི་ཆུ་ཚོད་13པར་གསོད་ཐུབ་ནས། དེ་གར་གཙང་སེལ་ལྟ་སྲུང་དང་མེ་སྐྱོན་ཡང་བསྐྱར་མི་ཤོར་བ་བྱེད་པའི་དུས་མཚམས་སུ་སླེབས་པ་དང་མི་སྣ་འཆི་རྨས་བྱུང་མེད། འདི་ནི་ཟླ་4ཚེས་26ཉིན་རོགས་སྐྱོབ་མི་སྣས་ནགས་ཁུལ་དུ་བཅད་རྒྱག་བཞིན་པ།