《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年04月30日

《ཀྲུང་གོ་གུང་ཁྲན་ཏང་གི་ཏང་གི་ལོ་རྒྱུས》ཀྱི་ཤེས་བྱ།

★ 1925ལོའི་ཟླ་1པོར་ཀྲུང་གོ་གུང་ཁྲན་ཏང་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཞི་པ་ཧྲང་ཧའེ་རུ་འཚོགས་ཤིང་། དམངས་གཙོའི་གསར་བརྗེའི་ཁྲོད་ཀྱི་འབྱོར་མེད་གྲལ་རིམ་གྱི་འགོ་ཁྲིད་དབང་ཆ་དང་བཟོ་ཞིང་མནའ་འབྲེལ་གྱི་གནད་དོན་ཐེངས་དང་པོར་བཏོན་ཡོད།

★ 1925ལོར་ལྔ་པའི་སུམ་ཅུའི་ལས་འགུལ་ཚུགས་པ་དེ་ཐོག་ནས་གསར་བརྗེ་ཆེ་མོའི་མཐོ་རླབས་འཕྱུར་བ་མཚོན་པ་དང་། ཀྲུང་གོ་གུང་ཁྲན་ཏང་གིས་འཐབ་རྩོད་དེའི་ཁྲོད་བཙན་རྒྱལ་རིང་ལུགས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་འགོ་ཁྲིད་བྱེད་པའི་ཉམས་མྱོང་གསོག་འཇོག་རགས་ཙམ་ཐུབ་སྟེ། འབྱོར་མེད་གྲལ་རིམ་ནི་བཙན་རྒྱལ་རིང་ལུགས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཁྲོད་ཀྱི་རྐང་འཛིན་སྟོབས་ཤུགས་ཤིག་ཡིན་པར་ངོས་འཛིན་ཐུབ་ཡོད།

★ 1925ལོའི་ཟླ་12པར་མའོ་ཙེ་ཏུང་གིས་བཏོན་གནང་བའི《ཀྲུང་གོའི་སྤྱི་ཚོགས་གྲལ་རིམ་ཁག་གི་དབྱེ་ཞིབ》ཅེས་པའི་རྩོམ་ཡིག་ཅིག་ནང་མར་ཁེ་སི་རིང་ལུགས་ཀྱི་གྲལ་རིམ་དབྱེ་ཞིབ་ཀྱི་ཐབས་ལམ་ལ་བརྟེན་ནས་ཀྲུང་གོའི་སྤྱི་ཚོགས་ཀྱི་གྲལ་རིམ་ཁག་ལ་དབྱེ་ཞིབ་ཕྱོགས་ཡོངས་ནས་གནང་བ་དང་དེ་བཞིན་ཀྲུང་གོའི་གསར་བརྗེའི་དགྲ་བོ་ནི་སུ་ཡིན་པ་དང་ཀྲུང་གོའི་གསར་བརྗེའི་གྲོགས་པོ་ནི་སུ་ཡིན་པ་བཏོན་གནང་ཡོད།

★ 1926ལོའི་ཟླ་9པར་མའོ་ཙེ་ཏུང་གིས་བཏོན་གནང་བའི《གོ་མིན་གསར་བརྗེ་དང་ཞིང་པའི་ལས་འགུལ》ཞེས་པའི་རྩོམ་ཡིག་ཅིག་ནང“ཞིང་པའི་གནད་དོན་ནི་གོ་མིན་གསར་བརྗེའི་ལྟེ་བའི་གནད་དོན་ཞིག་ཡིན”ཞེས་བཏོན་གནང་ཡོད། (མུ་མཐུད་འགོད་རྒྱུ)