《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年04月30日

ཧུའུ་ནན་ཀྲང་ཅ་ཅེ་རུ་བར་སྣང་གི་དཔྱང་ཟམ་ལ་སྐོར་ཞིབ་ཀྱིས“ལྔ་གཅིག”ཡུལ་སྐོར་ མང་བའི་དུས་ཚོད་བསུས་པ།

“ལྔ་གཅིག”གུང་གསེང་རིང་། ཧུའུ་ནན་ཀྲང་ཅ་ཅེ་རྒྱལ་ཁབ་ནགས་ཚལ་སྤྱི་གླིང་དུ་ཡུལ་སྐོར་བ་མང་བའི་དུས་ཚོད་འཆར་རྒྱུ་རེད། ཡུལ་དེའི་མཛེས་ལྗོངས་ཁུལ་གྱི་དོ་དམ་སྡེ་ཚན་གྱིས་སྔོན་མངགས་ལྟ་སྐོར་དང་དུས་ཚོད་དབྱེ་ནས་སྤྱི་གླིང་དུ་བསྐྱོད་པ་སོགས་འགན་ལེན་བྱ་ཐབས་མང་པོ་ཞིག་བཏོན་པའི་རྨང་གཞིའི་ཐོག བར་སྣང་གི་དཔྱང་ཟམ་སོགས་དམིགས་བསལ་གྱི་ཡུལ་སྐོར་སྒྲིག་ཆས་ལ་བདེ་འཇགས་ཀྱི་ཞིབ་བཤེར་བྱེད་ཤུགས་ཆེ་རུ་བཏང་སྟེ་ངལ་གསོའི་རིང་གི་ཡུལ་སྐོར་བདེ་འཇགས་འགན་ལེན་བྱས་ཤིང་། འདི་ནི་ཟླ་4ཚེས་28ཉིན། ཧུའུ་ནན་ཀྲང་ཅ་ཅེ་རྒྱལ་ཁབ་ནགས་ཚལ་སྤྱི་གླིང་གི་དབྱང་ཅ་ཅེ་དཔྱང་ཟམ་ཐོག་ལས་དོན་པས་དཔྱང་ཟམ་འཁོར་སྐྱོད་ཀྱི་གནས་ཚུལ་ལ་ཞིབ་བཤེར་བྱེད་བཞིན་པ།