《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年04月30日

ཀྲུང་གོ་གུང་ཁྲན་ཏང་རྒྱལ་ཡོངས་འཐུས་ མི་ཚོགས་ཆེན་རིམ་བྱུང་ངོ་སྤྲོད།

3 ཀྲུང་གོ་གུང་ཁྲན་ཏང་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་གསུམ་པའི་སྐོར་གྱི་ངོ་སྤྲོད་མདོར་བསྡུས།

1923ལོའི་ཟླ་6ཚེས་12ནས་ཚེས་20ཉིན་བར་ཀྲུང་གོ་གུང་ཁྲན་ཏང་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་གསུམ་པ་ཀོང་ཀྲོའུ་ཏུང་ཧྲན་ཤུས་ཀུའུ་ཡོན་སྒོ་རྟགས་ཨང་31(ད་ལྟའི་ཤུས་ཀུའུ་ཡོན་ལམ་གྱི་སྒོ་རྟགས་ཨང་3པ)པའི་ནང་འཚོགས་པ་རེད། ཁྲེན་ཏུའུ་ཤིའུ་དང་། ལི་ཏ་ཀྲའོ། མའོ་ཙེ་ཏུང་། ཚའེ་ཧོ་སེན། ཁྲེན་ཐན་ཆིའུ། ཡུན་ཏའེ་དབྱིང་། ཆུས་ཆིའུ་པེ། ཀྲང་གོ་ཐའོ། ལི་ལི་སན། ཤང་དབྱིང་སོགས་རྒྱལ་ཡོངས་ཀྱི་ས་གནས་ཁག་དང་དེ་བཞིན་མོ་སི་ཁོ་ནས་ཕེབས་པའི་འཐུས་མི་40ཙམ་ཚོགས་ཆེན་ལ་ཞུགས་པ་དང་། ཁོང་རྣམ་པས་རྒྱལ་ཡོངས་ཀྱི་ཏང་ཡོན་420ཡི་ཚབ་ཞུས་ཡོད། གུང་ཁྲན་རྒྱལ་སྤྱིའི་འཐུས་མི་མ་ལིན་ཚོགས་འདུར་ཞུགས་པ། ཁྲེན་ཏུའུ་ཤིའུ་ཡིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་སྐབས་གཉིས་པའི་ཀྲུང་དབྱང་ལག་བསྟར་ཨུ་ལྷན་གྱི་ཚབ་ཞུས་ནས་སྙན་སྒྲོན་ཡང་གནང་ཡོད།

གྲོས་བསྡུར་བྱས་པ་བརྒྱུད། ཚོགས་འདུའི་ཐོག་ཀྲུང་གོ་གུང་ཁྲན་ཏང་གིས་ཀྲུང་གོ་གོ་མིན་ཏང་དང་མཉམ་ལས་བྱ་རྒྱུའི་སྐོར་གྱི་གུང་ཁྲན་རྒྱལ་སྤྱིའི་མཛུབ་སྟོན་དང་ལེན་བྱས་པ་དང《རྒྱལ་དམངས་ལས་འགུལ་དང་དེ་བཞིན་གོ་མིན་ཏང་གི་གནད་དོན་སྐོར་གྱི་གྲོས་ཆོད་གྲོས་གཞི》དང《ཀྲུང་གོ་གུང་ཁྲན་ཏང་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་གསུམ་པའི་བསྒྲགས་གཏམ》སོགས་ཀྱི་ཡིག་ཆར་གྲོས་འཆམ་བྱུང་ཡོད། ཡིག་ཆ་དེ་དག་གི་དགོངས་དོན་གཙོ་བོ་ནི། ཏང་གིས་ད་ལྟའི་དུས་མཚམས་སུ“གོ་མིན་གསར་བརྗེའི་ལས་འགུལ་ལྟེ་བའི་ལས་དོན་ལ་བརྩི་དགོས་པ”དང་། གུང་ཁྲན་ཏང་ཡོན་གྱིས་མི་སྒེར་གྱི་མིང་ཐོག་ནས་གོ་མིན་ཏང་ལ་ཞུགས་ཏེ། ཏང་ནང་ཁུལ་དུ་མཉམ་ལས་རྣམ་པའི་ཐོག་ནས་གོ་མིན་ཏང་དང་མཉམ་འབྲེལ་འཐབ་ཕྱོགས་བཙུགས་ནས། བཙན་རྒྱལ་རིང་ལུགས་དང་བཀས་བཀོད་རྒྱུན་འཛིན་ལ་ངོ་རྒོལ་བྱེད་པའི་གོ་མིན་གསར་བརྗེའི་ལས་འགན་གལ་ཆེན་ལེགས་གྲུབ་བྱ་རྒྱུ་དེ། ཡིག་ཆའི་ནང་ད་དུང་ཀྲུང་གོ་གུང་ཁྲན་ཏང་གིས་ཆབ་སྲིད་ཐོག་གི་རང་བཙན་རང་བཞིན་རྒྱུན་འཁྱོངས་བྱེད་དགོས་པའི་རྩ་དོན་ཁག་གཅིག་ཀྱང་གཏན་འཁེལ་བྱས་ཡོད།

(མུ་མཐུད་འགོད་རྒྱུ)