《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年04月30日

བོད་ལྗོངས་ཉིང་ཁྲིའི་ཞིང་འབྲོག་པ་ཁྲི་14ཡིས་དབུལ་བཟློག་རོགས་སྐྱོབ་ཀྱི་འགན་བཅོལ་ཉོས་པ།

འདི་ག་ཚགས་པར་ཁང་དུ་ཉིང་ཁྲི་ནས་ཟླ་4ཚེས་28ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར་ཀོང་ཏུང་ཞིང་ཆེན་བོད་སྐྱོར་ལས་དོན་རུ་ཁག་ཁག་དགུ་པས་སྒོར་ཁྲི་231བཏང་ནས། ཉིང་ཁྲི་གྲོང་ཁྱེར་ཡོངས་ཀྱི་ཞིང་འབྲོག་པ་ཁྲི་14ལ་ཞིང་འབྲོག་པའི་དབུལ་བཟློག་རོགས་སྐྱོབ་ཀྱི་འགན་བཅོལ་ཉོས་པ་དེ་ཞིང་འབྲོག་པ་100%ལ་ཁྱབ་སྟེ། ཉིང་ཁྲི་གྲོང་ཁྱེར་ཡོངས་ཀྱི་ཞིང་འབྲོག་པར་རང་བྱུང་གནོད་འཚེ་འཕྲད་སྐབས་རོགས་སྐྱོབ་དང་། ཐོལ་བྱུང་དོན་རྐྱེན་ཐོན་སྐབས་རོགས་སྐྱོབ། ཀ་པ་རིམ་པའི་འགོ་ནད་དང་ཐོལ་བྱུང་གི་སྤྱི་པའི་འཕྲོད་བསྟེན་དོན་རྐྱེན་འཕྲད་སྐབས་ཁེ་དབང་འགན་ལེན་བྱས་ཡོད།

ངོ་སྤྲོད་བྱས་པར་གཞིགས་ན། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་རྒྱ་སྐྱེད་དང་གྲོང་གསེབ་དར་རྒྱས་འབྲེལ་མཐུད་ནུས་ལྡན་ཡོང་བ་བྱེད་རིང་། བྱ་ཐབས་དེས་དབུལ་སྒྲོལ་བྱེད་ཞོར་ཡང་དབུལ་པོའི་གནས་སུ་ལྷུངས་བ་དང་རོགས་སྐྱོར་བྱེད་ཞོར་ཡང་དབུལ་པོ་མང་དུ་འགྲོ་བའི་དབུལ་སྐྱོར་དཀའ་གནད་ལ་རོགས་རམ་བྱས་པ་དང་ཆབས་ཅིག སྤྱི་ཚོགས་བརྟན་པོ་ཡོང་བའི་འགན་བཅོལ་གྱི་ནུས་པ་གང་ལེགས་བཏོན་ནས་ཐོལ་བྱུང་གི་སྤྱི་པའི་འཕྲོད་བསྟེན་དོན་རྐྱེན་གྱི་འཕྲལ་སྡོམ་རོགས་སྐྱོབ་ཀྱི་འགན་བཅོལ་ལམ་ལུགས་བཙུགས་ཏེ་ཞིང་འབྲོག་པའི་ཐོན་སྐྱེད་དང་འཚོ་བར་བདེ་འཇགས་ཀྱི་འགན་ལེན་བྱས་ཡོད། “ལོ་ལྔ་ཚན་བཅུ་བཞི་པའི”འགོ་འཛུགས་ཀྱི་ལོར་ཀོང་ཏུང་ཞིང་ཆེན་བོད་སྐྱོར་ལས་དོན་རུ་ཁག་ཁག་དགུ་པས་དབུལ་བཟློག་ལྟ་ཞིབ་ཚད་ལེན་དང་རོགས་སྐྱོབ་ཀྱི་ལམ་སྲོལ་འཛུགས་རྒྱུར་དམིགས་ཏེ། བྱ་ཐབས་དེ་ཉིད་དམངས་འཚོའི་དོན་དངོས་ལ་བརྩིས་ནས་དོན་འཁྱོལ་ཞིབ་ཕྲ་དང་ཏན་ཏིག་བྱས་ཡོད་པ་རེད།