《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年04月30日

མཚོ་སྔོན་གྱིས།

ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལས་འགལ་བའི་དཔེ་མཚོན་ གནད་དོན་3བརྡ་ཁྱབ་བཏང་བ།

ཤིན་ཧྭ་གསར་འགྱུར་ཁང་དུ་ཟི་ལིང་ནས་ཟླ་4ཚེས་28ཉིན་གློག་འཕྲིན་འབྱོར་གསལ། སྒྲིག་ཁྲིམས་སྔར་བས་ནན་དུ་བཏང་ནས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དང“སྤྱོད་ཚུལ་བཞི”ཡོ་བསྲང་བཅོས་སྒྲིག་བྱས་འབྲས་བརྟན་གཏོང་དང་རྒྱ་སྐྱེད་བྱེད་པ་དང་། རྒྱུན་སྲིང་ལྷོད་མེད་ངང་སྤྱོད་ཚུལ་ལེགས་བཅོས་དང་དེར་ཤུགས་སྣོན་བརྒྱབ་སྟེ། སྤེལ་གྱིན་སྤེལ་གྱིན་ཇེ་ནན་དུ་འགྲོ་བའི་བརྡ་རྟགས་གསལ་པོ་རྒྱུན་མཐུད་སྟོན་ཆེད། མཚོ་སྔོན་ཞིང་ཆེན་སྒྲིག་ཨུད་དང་ལྟ་ཞིབ་ཨུ་ལྷན་གྱིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལས་འགལ་བའི་དཔེ་མཚོན་གནད་དོན་3བརྡ་ཁྱབ་བཏང་བ་རེད།

མཚོ་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་ཁྲི་ཀ་རྫོང་མི་དམངས་ཁྲིམས་ཁང་ལག་བསྟར་ཅུས་ཀྱི་དེ་སྔའི་ཅུས་ཀྲང་མཱ་ཁྲེང་ཀྲུང་སོགས་ཀྱིས་སྒྲིག་འགལ་ངང་ལག་རྟགས་དང་དངུལ་བླངས་པའི་གནད་དོན། 2016ལོ་ནས་2019ལོའི་བར། ཁྲི་ཀ་རྫོང་མི་དམངས་ཁྲིམས་ཁང་ལག་བསྟར་ཅུས་ཀྱི་དེ་སྔའི་ཅུས་ཀྲང་མཱ་ཁྲེང་ཀྲུང་དང་། རིམ་པ་དང་པོའི་ཁྲིམས་དཔོན་དབྱང་ཞའོ་ཕིང་། རིམ་པ་གཉིས་པའི་ཉེན་རྟོག་དཔོན་ཆང་ཧྲེང་བཅས་ཀྱིས་གྱོད་གཞིའི་དོ་བདག་ཡའོ་ཆེ་གེ་མོ་དང་ཐའོ་ཆེ་གེ་མོས་གསོལ་སྟོན་བཤམས་པར་ཐེངས་མང་བསྐྱོད་དེ་ཨ་རག་ཤེལ་དམ་4རེ་བླངས་པ་མ་ཟད། དབྱང་ཞའོ་ཕིང་དང་ཆང་ཧྲེང་གིས་ད་དུང་དངུལ་སྒོར་500དང300སོ་སོར་བླངས་པ་རེད། མཱ་ཁྲེང་ཀྲུང་དང་། དབྱང་ཞའོ་ཕིང་། ཆང་ཧྲེང་བཅས་ལ་ད་དུང་སྒྲིག་འགལ་གྱི་གནད་དོན་གཞན་ཡང་ཡོད་པ་རེད། 2020ལོའི་ཟླ་བཅུ་གཉིས་པར། མཱ་ཁྲེང་ཀྲུང་ལ་ཏང་ནང་ཁུལ་དུ་ཐ་ཚིག་ནན་པོ་སྒྲོག་པ་དང་། དབྱང་ཞའོ་ཕིང་ལ་ཏང་ནང་ཁུལ་དུ་ཐ་ཚིག་ནན་པོ་སྒྲོག་པའི་ཁར་སྲིད་དོན་གྱི་ཉེས་ཐོ་འགོད་པའི་ཆད་པ་ཡང་བཅད་པ་དང་། ཆང་ཧྲེང་ལ་ཏང་ནང་ཁུལ་དུ་ཐ་ཚིག་ནན་པོ་སྒྲོག་པ་རེད།

རྨ་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་རྨ་ལྷོ་སོག་རིགས་རང་སྐྱོང་རྫོང་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་རུ་ཆེན་གྱི་དེ་སྔའི་རུ་དཔོན་མཱ་ཅིན་ཡུས་ཀྱིས་སྒྲིག་འགལ་ངང“དངུལ་ཆད”བླངས་པའི་གནད་དོན། 2013ལོའི་ཟླ་གསུམ་པ་ནས་2014ལོའི་ཟླ་བཞི་པའི་བར། མཱ་ཅིན་ཡུས་ཀྱིས་རྨ་ལྷོ་རྫོང་གི་རྡོ་ཆེ་གེ་མོ་སོགས་ཀྱིས་ཁྲིམས་འགལ་ངང་རླངས་འཁོར་རུ་ཁག་གཉེར་སྐྱོང་བྱས་རྐྱེན་སྤྲད་པའི“དངུལ་ཆད”ཁྱོན་སྒོར་14200རྩིས་ཁྲར་མ་བཀོད་པར་ལས་སྒྲུབ་དང་ལས་རེས་འཕར་མའི་སྐབས་ཀྱི་བཟའ་བཏུང་སོགས་ཀྱི་ཐད་སྤྱད་པ་མ་ཟད། ད་དུང་ལས་རོགས་ཉེན་རྟོག་པར་རྡོ་ཆེ་གེ་མོ་སོཌ་ཀྱི་ལག་ཁྱེར་མེད་པའི་སྐྱེལ་འདྲེན་རླངས་འཁོར་གྱིས་དུས་ཡུན་རིང་པོར་ཁྲིམས་འགལ་ངང་སྐྱེལ་འདྲེན་གཉེར་སྐྱོང་བྱེད་པར་སྟབས་བདེ་བསྐྲུན་པ་རེད། 2020ལོའི་ཟླ་བརྒྱད་པར། མཱ་ཅིན་ཡུས་ལ་ཏང་ནང་ཁུལ་དུ་ཐ་ཚིག་ནན་པོ་སྒྲོག་པའི་ཁར་ད་དུང་སྲིད་དོན་གྱི་ཉེས་ཐོ་འགོད་པའི་ཆད་པ་ཡང་བཅད་པ་རེད།

ཟི་ལིང་གྲོང་ཁྱེར་ཏ་ཐུང་རྫོང་ཁྲེང་ཀོན་ཡུག་ཁུལ་ཕྱོགས་བསྡུས་སྲིད་འཛིན་ཁྲིམས་བསྟར་ལྟེ་གནས་འགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་གི་ཀྲུའུ་རེན་ཆན་ལིན་ཧྲན་གྱིས་སྒྲིག་འགལ་ངང་ལག་རྟགས་བླངས་པའི་གནད་དོན། 2020ལོའི་ཟླ་བརྒྱད་པར། ཆན་ལིན་ཧྲན་སོགས་ཀྱིས་ཏ་ཐུང་རྫོང་ཁྲེང་ཀོན་གྲོང་རྡལ་ལིང་ཡོན་ལམ་དུ་སྐོར་ཞིབ་བྱེད་སྐབས། ཧོ་ཆེ་གེ་མོའི་རླངས་འཁོར་སྒྲིག་འགལ་ངང་བཞག་པ་མཐོང་ཡང་དོ་བདག་གིས་སྤྲད་པའི་བཏུང་བྱ་ཧུང་ཉིའུ་ཤོག་སྒམ་གཅིག་སྒྲིག་འགལ་ངང་བླངས་ནས་དོ་བདག་ལ་ཆད་པ་བཅད་མེད་པ་རེད། 2020ལོའི་ཟླ་བཅུ་གཅིག་པར། ཆན་ལིན་ཧྲན་ལ་སྲིད་དོན་གྱི་ཐ་ཚིག་སྒྲོག་པ་རེད།

(དམ་ཆོས་མི་ཕམ་གྱིས་བསྒྱུར། པ་སངས་ཕན་ཐོགས་ཀྱིས་ཞུས)