《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年04月30日

རྒྱལ་ཡོངས་ལུས་རྩལ་ཁོངས་གཏོགས་ཀྱི་བོད་སྐྱོར་ལས་དོན་ཚོགས་འདུ་ལྷ་སར་འཚོགས་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་4ཚེས་28ཉིན་གློག་འཕྲིན་འབྱོར་གསལ། ཚེས་28ཉིན། རྒྱལ་ཡོངས་ལུས་རྩལ་ཁོངས་གཏོགས་ཀྱིས་བོད་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་ལས་དོན་ཚོགས་འདུ་ཐེངས་དྲུག་པ་ལྷ་སར་འཚོགས་ཤིང་། བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེ་དང་། རྒྱལ་ཁབ་ལུས་རྩལ་ཅུས་ཀྱི་ཅུས་ཀྲང་ཀོའུ་ཀྲུང་ཝུན། བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཀྲུའུ་ཞི་ཆེ་དགྲ་ལྷ་བཅས་ཚོགས་འདུར་ཞུགས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།

ཚོགས་འདུའི་ཐོག “ལོ་ལྔ་ཚན་བཅུ་གསུམ་པའི”རིང་གི་ལུས་རྩལ་བོད་སྐྱོར་ལས་དོན་ལ་ཐོབ་པའི་མངོན་གསལ་དོད་པའི་གྲུབ་འབྲས་ཕྱིར་དྲན་བྱས་པ་དང་། དེ་དང་ཆབས་ཅིག་དུས་མཚམས་རྗེས་མའི་ལུས་རྩལ་ཁོངས་གཏོགས་ཀྱི་བོད་སྐྱོར་ལས་དོན་ཁག་གི་མཛུབ་ཁྲིད་བསམ་བློ་དང་། གཞི་རྩའི་རྩ་དོན། སྤྱི་ཡོངས་ཀྱི་དམིགས་ཚད། སྲིད་ཇུས་བྱེད་ཐབས་བཅས་བཏོན་པ་མ་ཟད། ལུས་རྩལ་བོད་སྐྱོར་གྱི་ལས་འགན་ཁག་ལེགས་སྒྲུབ་བྱ་རྒྱུར་བླང་བྱ་ཁ་གསལ་ཡང་བཏོན་ཡོད།

གྲངས་གཞི་ལས་མངོན་གསལ། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་། རྒྱལ་ཡོངས་ལུས་རྩལ་ཁོངས་གཏོགས་ཀྱིས་རིམ་རྩིས་བྱས་ན་བོད་སྐྱོར་མ་དངུལ་སྒོར་དུང་ཕྱུར་2.7དོན་འཁྱོལ་བྱས་ནས། རྒྱལ་ཁབ་ཕྱི་ནང་གི་འགྲན་བསྡུར་ནང་བོད་ཀྱི་ལུས་རྩལ་པར་བྱ་དགའ་ཁག་231རག་པ་དང་། ལུས་རྩལ་བོད་སྐྱོར་ལས་དོན་གྱི་ཕུལ་བྱུང་གྲུབ་འབྲས་མངོན་ནས་བོད་ཀྱི་ལུས་རྩལ་བྱ་གཞག་སྔར་བས་འཕེལ་རྒྱས་འགྲོ་བར་དེ་བས་སྲ་ཞིང་བརྟན་པའི་རྨང་གཞི་བཏིང་ཡོད།