《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年04月30日

རིམས་ནད་ཁྲོད་ཀྱི་གཏོར་གཟུགས་མཆོད་རྟེན་མཛེས་ལྗོངས་ཁུལ།

ཏོག་གསར་གློ་ཚད་རིམས་ནད་སོགས་ཀྱི་ཤུགས་རྐྱེན་དབང་གིས། ཨེ་ཅིབ་ཅི་སའི་གཏོར་གཟུགས་མཆོད་རྟེན་མཛེས་ལྗོངས་ཁུལ་དུ་ཡུལ་སྐོར་བ་ཉུང་སྟབས་དྲན་རྟེན་དངོས་པོའི་ཁྲོམ་བཀྱག་དང་རོལ་རྩེད་རྩེ་ས་མང་པོར་སྤྱིར་ན་མི་མཐོང་རྒྱུ་མེད་པས་ཡུལ་སྐོར་ལས་རིགས་ལ་རྡབ་རྡེག་ཆེན་པོ་ཐེབས་ཡོད། ཨེ་ཅིབ་ཀྱི་འབྲེལ་ཡོད་སྡེ་ཚན་གྱིས་བསྡོམས་རྩིས་བྱས་པར་གཞིགས་ན། ཏོག་གསར་གློ་ཚད་རིམས་ནད་ཀྱི་ཤུགས་རྐྱེན་ཐེབས་པའི་དབང་གིས་2020ལོའི་ཨེ་ཅིབ་ཡུལ་སྐོར་ལས་རིགས་ཀྱི་ཡོང་འབབ་2019ལོ་ལས་བཅུ་ཆ་བདུན་ཙམ་ཆག་པ་དང་ཡུལ་སྐོར་མི་གྲངས་ཀྱང་73%ཆག་ཡོད། འདི་ནི་ཡུལ་སྐོར་བས་ཨེ་ཅིབ་ཅི་ས་ཞིང་ཆེན་གྱི་གཏོར་གཟུགས་མཆོད་རྟེན་མཛེས་ལྗོངས་ཁུལ་དུ་རྔ་མོང་བཞོན་བཞིན་པ།