《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年04月30日

ཨར་ལན་ཧའོ་ཐེར་ཀྲུང་ཡོའི་དུས་གཏན་མེ་འཁོར་གྱིས་ད་ལོ་སྐྱེལ་འདྲེན་བྱས་པའི་དོས་སྒམ་གྱི་གྲངས་འབོར་ཁྲི་8ཡན་ཟིན་པ།

འདི་ལོ་ཚུན་དུ་ཨར་ལན་ཧའོ་ཐེ་ལྕགས་ལམ་འགག་སྒོའི་ཀྲུང་ཡོའི་དུས་གཏན་མེ་འཁོར་གྱིས་སྐྱེལ་འདྲེན་བྱས་པའི་དོས་སྒམ་གྱི་གྲངས་འབོར་ཁྲི་8ཡན་ཟིན་ཡོད། བསྡོམས་རྩིས་བྱས་པར་གཞིགས་ན། 2021ལོའི་ཟླ་1ཚེས་1ཉིན་ནས་ཟླ་4ཚེས་28ཉིན་བར་ཨར་ལན་ཧའོ་ཐེ་ལྕགས་ལམ་འགག་སྒོས་རྒྱལ་མཚམས་སྒྲོལ་བའི་ཀྲུང་ཡོའི་དུས་གཏན་མེ་འཁོར་ཐེངས་776བསུ་སྐྱེལ་བྱས་པ་དེ་དུས་མཚུངས་ལས་40.1%འཕར་བ་དང་སྐྱེལ་འདྲེན་བྱས་པའི་དོས་སྒམ་གྱི་གྲངས་འབོར་80064ཟིན་པ་དེ་དུས་མཚུངས་ལས་39.2%འཕར་ཡོད། འདི་ནི་ཀྲུང་ཡོའི་དུས་གཏན་མེ་འཁོར་ཞིག་ཨར་ལན་ཧའོ་ཐེའི་ལྕགས་ལམ་ཟོག་འདྲེན་འབབ་ཚུགས་ནས་ཐོན་བཞིན་པ།