《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年04月30日

2020ལོའི་ཀྲུང་གོའི་ཁེ་ལས་ཀྱི་རྒྱལ་མཚམས་ཕྱིའི་ཚོང་དོན་རོགས་ཟླས་མི་དམངས་ཤོག་སྒོར་དང་ལེན་བྱེད་པའི་འདོད་བློ་ཆེ་རུ་ཕྱིན་པ།

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར་ཀྲུང་གོ་དངུལ་ཁང་གིས་ཁྱབ་བསྒྲགས་བྱས་པའི་2020ལོའི་ལོ་འཁོར་གྱི《མི་དམངས་ཤོག་སྒོར་རྒྱལ་སྤྱི་ཅན་གྱི་རྒྱབ་ཤ་དཀར་པོའི་དེབ》ནང་མངོན་པར། 2020ལོའི་ཀྲུང་གོའི་ཁེ་ལས་ཀྱི་རྒྱལ་མཚམས་ཕྱིའི་ཚོང་དོན་རོགས་ཟླས་མི་དམངས་ཤོག་སྒོར་དང་ལེན་བྱེད་པའི་འདོད་བློ་ཆེ་རུ་ཕྱིན་པ་མངོན་ཡོད་པ་རེད།

རྒྱལ་མཚམས་ཕྱི་ནང་གི་བཟོ་ཚོང་ཁེ་ལས་ཀྱི་བརྟག་ཞིབ་སྙན་སེང་ནང་བསྟན་དོན། 2020ལོར་རྒྱལ་མཚམས་ནང་གི་བཅར་འདྲི་དང་ལེན་བྱེད་མཁན་བཟོ་ཚོང་ཁེ་ལས་ལ་མི་དམངས་ཤོག་སྒོར་རྒྱལ་མཚམས་བསྒྲལ་ནས་སྤྱོད་པའི་འདོད་བློ་ཆེན་པོ་ལྡན་པ་དེས་མི་དམངས་ཤོག་སྒོར་རྒྱལ་མཚམས་ལས་བསྒྲལ་ནས་མཇུག་རྩིས་རྒྱག་པའི་དངུལ་ལོར་གྱི་འགན་ནུས་ཆེ་རུ་འགྲོ་བར་སྐུལ་མ་ཐེབས་ཡོད། 2020ལོར་བཅར་འདྲི་དང་ལེན་བྱེད་མཁན་རྒྱལ་མཚམས་ཕྱི་ནང་གི་བཟོ་ཚོང་ཁེ་ལས་79%ཙམ་གྱིས་རྒྱལ་མཚམས་བསྒྲལ་ནས་ཉོ་ཚོང་བྱེད་པའི་ཁྲོད་མི་དམངས་ཤོག་སྒོར་སྤྱོད་ཚད་དམ་ཡང་ན་མི་དམངས་ཤོག་སྒོར་སྤྱོད་པའི་བསྡུར་ཚད་མཐོ་རུ་གཏོང་བའི་བསམ་གཞིག་བྱེད་པ་དང་བསྡུར་ཚད་དེ་ན་ནིང་ལས་མཐོ་བ་ཡོད་པ་རེད།