《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年04月30日

ཀྲུང་གོས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཞི་བདེ་སྲུང་སྐྱོང་མི་སྣའི་བདེ་འཇགས་ཚོགས་ཆུང་འཛུགས་པར་སྐུལ་འདེད་བཏང་བ།

ཤིན་ཧྭ་གསར་འགྱུར་ཁང་མཉམ་འབྲེལ་རྒྱལ་ཚོགས་ནས་གློག་འཕྲིན་འབྱོར་གསལ། ཀྲུང་གོའི་སྐུལ་འདེད་འོག་ཚེས་27ཉིན་མཉམ་འབྲེལ་རྒྱལ་ཚོགས་ཞི་བདེ་སྲུང་སྐྱོང་མི་སྣའི་བདེ་འཇགས་ཚོགས་ཆུང་ཉིའུ་གཡོད་མཉམ་འབྲེལ་རྒྱལ་ཚོགས་སྤྱི་ཁྱབ་པུའུ་རུ་བཙུགས་པ་དང་། ཀྲུང་གོ་དང་། པར་ཙིར། ཧིན་རྡུ་ཉི་ཞི་ཡ། རུ་ཝང་ཏ་བཅས་ཀྱིས་ཐུན་མོང་ཀྲུའུ་ཞིའི་འགན་ཁུར་ཡོད།

མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་སྡོད་ཀྲུང་གོའི་འཐུས་མི་ཀྲང་ཅུན་གྱིས་འགོ་ཚུགས་མཛད་སྒོའི་ཐོག ཞི་བདེ་སྲུང་སྐྱོང་མི་སྣའི་བདེ་འཇགས་ཚོགས་ཆུང་འཛུགས་པའི་དམིགས་ཡུལ་ནི་ལས་སྟེགས་སྐྲུན་པ་དང་། ཆ་འཕྲིན་སྤེལ་རེས་ལ་ཤུགས་སྣོན། སྲིད་ཇུས་མཐུན་སྦྱོར་ལ་སྐུལ་འདེད། ནུས་པ་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ། ཞི་བདེ་སྲུང་སྐྱོང་མི་སྣའི་བདེ་འཇགས་སྔར་བས་འགན་ལེན་བཅས་བྱས་ནས་ཞི་བདེ་སྲུང་སྐྱོང་མི་སྣའི་བདེ་འཇགས་གྲོས་རིམ་གྱི་ངོ་བོའི་རང་བཞིན་གྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་རེད། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཞི་བདེ་སྲུང་སྐྱོང་བྱ་སྤྱོད་ནི་རྒྱལ་སྤྱིའི་ཞི་བདེ་དང་བདེ་འཇགས་སྲུང་སྐྱོང་བྱེད་ཐབས་གལ་ཆེན་ཞིག་ཡིན་པ་དང་། ཞི་བདེ་སྲུང་སྐྱོང་མི་སྣ་རྒྱལ་སྤྱིའི་ཞི་བདེའི་རྩ་ཆེའི་རྒྱུ་ནོར་དུ་གྱུར་ཡོད། མིག་སྔར་ཏོག་གསར་གློ་ཚད་རིམས་ནད་ས་ཁུལ་གྱི་གླེང་ཆེ་བ་དང་། རིགས་རྒྱུད་ཀྱི་འགལ་ཟླ། འཇིགས་སྐུལ་རིང་ལུགས། སྟབས་བདེའི་འབར་གས་སྒྲིག་ཆས་སོགས་ཀྱི་འཇིགས་སྐུལ་ཐོག་རྩེག་སྣོན་ཐེབས་ཡོད་པས་ཞི་བདེ་སྲུང་སྐྱོང་མི་སྣའི་བདེ་འཇགས་ཉེན་ཁ་རྒྱུན་ཆད་མེད་པར་ཆེ་རུ་འགྲོ་བཞིན་ཡོད། འདི་ལོ་ཚུན་དུ་ཞི་བདེ་སྲུང་སྐྱོང་མི་སྣ་49ཡིས་ཞི་བདེའི་བྱ་གཞག་ལ་རྩ་ཆེའི་ཚེ་སྲོག་སྐྱེས་སུ་ཕུལ་ཡོད། ཞི་བདེ་སྲུང་སྐྱོང་མི་སྣའི་བདེ་འཇགས་ལ་ཤུགས་སྣོན་རྒྱག་པ་ནི་བརྒྱུད་རིམ་ལྡན་པའི་འདུ་འགོད་ཅིག་ཡིན་པས་ཕྱོགས་ཁག་མཉམ་དུ་ཞུགས་ནས་མཉམ་ཤུགས་ཤིག་ཆགས་པར་བྱེད་དགོས་ཞེས་བརྗོད།

(བདེ་དབང་གིས་བསྒྱུར། སྐལ་མཆོག་གིས་ཞུས)