《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年04月30日

རྒྱལ་ཡོངས་ཕྱི་ཕྱོགས་མཛའ་གྲོགས་མཐུན་ཚོགས་ཀྱིས་སེ་ནེ་ཀལ་ལ་རིམས་འགོག་དངོས་ཟོག་རོགས་སྐྱོར་བྱས་པ།

ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཏ་ཁར་ནས་གློག་འཕྲིན་འབྱོར་གསལ། ཚེས་27ཉིན་སེ་ནེ་ཀལ་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཁང་གིས་ཀྲུང་གོ་མི་དམངས་ཕྱི་ཕྱོགས་མཛའ་གྲོགས་མཐུན་ཚོགས་ཀྱིས་སེ་ནེ་ཀལ་གྱི་ཧྲི་ཀྲང་མཐུན་ཚོགས་ལ་རོགས་སྐྱོར་བྱེད་པའི་རིམས་འགོག་དངོས་རྫས་རྩིས་སྤྲོད་རྩིས་ལེན་གྱི་མཛད་སྒོ་གཉེར་བ་རེད། སེ་ནེ་ཀལ་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ཤའོ་ཧན་དང་སེ་ནེ་ཀལ་གྱི་ཧྲི་ཀྲང་མཐུན་ཚོགས་ཀྱི་ཀྲུའུ་ཞི་ཨ་ལི་ཝུའུ·ས་ལེ་མཛད་སྒོར་ཕེབས་པ་རེད།

ས་ལེ་ཡིས་སེ་ནེ་ཀལ་གྱི་ཧྲི་ཀྲང་མཐུན་ཚོགས་ཀྱི་ཚབ་ཞུས་ཏེ་རྒྱལ་ཡོངས་ཕྱི་ཕྱོགས་མཛའ་གྲོགས་མཐུན་ཚོགས་ཀྱིས་སེ་ནེ་ཀལ་ལ་རིམས་འགོག་དངོས་ཟོག་ཞལ་འདེབས་བརྒྱབ་པར་ཐུགས་རྗེ་ཆེ་ཞུས་པ་དང་འབྲེལ་མིག་སྔར་སེ་ནེ་ཀལ་གྱི་རིམས་ནད་སྔར་བཞིན་ཛ་དྲག་པོ་ཡོད་པས་ཀྲུང་གོ་ཕྱོགས་ཀྱི་རོགས་སྐྱོར་འཁྱག་དུས་གོས་དང་ལྟོགས་དུས་ཟས་སྦྱིན་པ་བཞིན་བྱུང་ཞེས་བཤད། ཁོང་གིས་སེ་ནེ་ཀལ་དུ་རིམས་ནད་ཐོན་པ་ནས་བཟུང་། ཀྲུང་གོའི་སྲིད་གཞུང་དང་། ཁེ་ལས། ཕྱིར་སྡོད་རང་མི་བཅས་ཀྱིས་དངུལ་དང་དངོས་ཟོག་ཞལ་འདེབས་ཐེངས་མང་བརྒྱབ་ནས་སེ་ནེ་ཀལ་གྱི་མི་དམངས་ཀྱི་བདེ་ཐང་དང་ཚེ་སྲོག་གི་བདེ་འཇགས་ལ་འགན་ལེན་ནུས་ལྡན་བྱས་བྱུང་། དཀའ་ངལ་འཕྲད་སྐབས་བརྩེ་སེམས་ངོ་མ་མངོན། ཀྲུང་གོ་ཕྱོགས་ཀྱི་སྒེར་སེམས་མེད་པའི་རོགས་སྐྱོར་དང་སྤུན་ཟླའི་མཛའ་བརྩེ་སེ་ནེ་ཀལ་གྱིས་དུས་ནམ་ཡང་སེམས་ལ་བརྟན་པོར་འཆང་ངེས་ཡིན་ཞེས་བཤད་པ་རེད།