《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年04月30日

ཧ་སག་སི་ཐན་གྱི་ཙུང་ཐུང་གིས་བརྗོད་དོན།

ཀྲུང་གོ་ནི་ནམ་ཡང་གྲོགས་པོ་བཟང་པོ་དང་། ཁྱིམ་མཚེས་བཟང་པོ། རོགས་ཟླ་བཟང་པོ་རེད།

ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ནུར་སུའུ་ཏན་ནས་གློག་འཕྲིན་འབྱོར་གསལ། ཧ་སག་སི་ཐན་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་གིས་ཚེས་28ཉིན་སྤེལ་བའི་གནས་ཚུལ་ལ་གཞིགས་ན། ཉིན་ཤས་གོང་ཧ་སག་སི་ཐན་གྱི་ཙུང་ཐུང་ཐོའོ་ཁཱ་ཡེ་ཕུའུ་ཡིས་ཀྲུང་གོ་ནི་ནམ་ཡང་ཧ་སག་སི་ཐན་གྱི་གྲོགས་པོ་བཟང་པོ་དང་། ཁྱིམ་མཚེས་བཟང་པོ། རོགས་ཟླ་བཟང་པོ་རེད་ཅེས་བཤད་པ་རེད།

ཚེས་27ཉིན་ཐོའོ་ཁཱ་ཡེ་ཕུའུ་ཡིས་ཙུང་ཐུང་ལས་ཤག་ཏུ་ཧ་སག་སི་ཐན་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ཀྲང་ཤའོ་དང་ཐུག་འཕྲད་བྱས་ཤིང་། ཐོའོ་ཁཱ་ཡེ་ཕུའུ་ཡིས་ཧ་ཀྲུང་གི་འབྲེལ་བར་འཐབ་ཇུས་རང་བཞིན་དང་། ཡུན་རིང་རང་བཞིན། བརྟན་པོའི་རང་བཞིན་བཅས་ལྡན་ཡོད། ཀྲུང་གོ་ནི་ནམ་ཡང་ཧ་སག་སི་ཐན་གྱི་གྲོགས་པོ་བཟང་པོ་དང་། ཁྱིམ་མཚེས་བཟང་པོ། རོགས་ཟླ་བཟང་པོ་རེད། ཧ་སག་སི་ཐན་ཕྱོགས་ཀྱིས་བློ་བརྟན་འགྱུར་མེད་ངང་ཀྲུང་གོ་ཕྱོགས་དང་ཁྱིམ་མཚེས་རྒྱལ་ཁབ་བར་གྱི་མཛའ་མཐུན་སྲིད་ཇུས་ལག་ལེན་བསྟར་གྱི་ཡོད་ལ་རྒྱལ་ཁབ་གཉིས་པོའི་མི་དམངས་དབར་གྱི་སྲོལ་རྒྱུན་མཛའ་གྲོགས་ལ་རྒྱལ་སྤྱིའི་དུས་བབ་འགྱུར་ལྡོག་གི་ཤུགས་རྐྱེན་ཐེབས་མེད། ཧ་སག་སི་ཐན་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་མཉམ་འབྲེལ་རྒྱལ་ཚོགས་དང་། ཧྲང་ཧའེ་མཉམ་ལས་རྩ་འཛུགས། ཡ་ཤིན། “ཨེ་ཤེ་ཡ་དབུས་མའི་རྒྱལ་ཁབ་ལྔ+ཀྲུང་གོ”སོགས་ཕྱོགས་མང་ལས་སྟེགས་སུ་མཉམ་ལས་གཏིང་ཟབ་བྱས་ནས་ཕན་ཚུན་ཡིད་ཆེས་ཟམ་མི་ཆད་པར་ཆེ་རུ་གཏོང་འདོད་ཡོད་ཅེས་ནན་བཤད་བྱས་པ་རེད།

ཐོའོ་ཁཱ་ཡེ་ཕུའུ་ཡིས་ཀྲུང་གོ་གུང་ཁྲན་ཏང་གི་འཆར་ལ་ཉེ་བའི་ལོ་བརྒྱའི་འཁྲུངས་སྐར་ལ་རྟེན་འབྲེལ་ཞུས་པ་མ་ཟད། ཀྲུང་གོའི་མི་དམངས་ལ་དབུལ་སྒྲོལ་འགག་སྒྲོལ་གྱི་ལོ་རྒྱུས་རང་བཞིན་གྱི་རྒྱལ་ཁ་ཐོབ་པར་བསྔགས་བརྗོད་ཀྱང་བྱས་པ་དང་། ཀྲུང་གོས་རིམས་ནད་སྔོན་འགོག་དང་ཚོད་འཛིན་ཐད་སྤྱི་འདོམས་བྱས་པ་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་ཐོབ་པའི་གྲུབ་འབྲས་ལ་གདེང་འཇོག་མཐོ་པོ་བྱས་པ་རེད། ཁོང་གིས་ཀྲུང་གོ་ཕྱོགས་དང་རྣམ་པ་སྣ་ཚོགས་ལ་བརྟེན་ནས་མཐོ་རིམ་དབར་གྱི་འགྲོ་འོང་ཟབ་ཏུ་བཏང་སྟེ་ཕྱོགས་མང་མཉམ་ལས་ལ་ཟམ་མི་ཆད་པར་སྐུལ་འདེད་བཏང་ནས་རིམས་ནད་རྗེས་ཀྱི་དུས་རབས་ཀྱི་གྲངས་འཛིན་དར་གོས་ལམ་བུ་དང་། བདེ་ཐང་གི་དར་གོས་ལམ་བུ། ལྗང་མདོག་གི་དར་གོས་ལམ་བུ་བཅས་སྐྲུན་འདོད་ཡོད། ཧ་སག་སི་ཐན་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་མི་སྣ་འགྲོ་འོང་ལ་སྟབས་བདེ་སྐྲུན་པ་དང་མངའ་ཁོངས་སྒྲོལ་བའི་སྐྱེལ་འདྲེན་ཤར་བགྲོད་སོགས་ཀྱི་ཁྱབ་ཁོངས་ཐད་མཐུན་སྦྱོར་བྱེད་ཤུགས་ཆེ་རུ་གཏོང་འདོད་ཡོད་ཅེས་བཤད་པ་རེད།

(ཚེ་སྒྲོལ་གྱིས་བསྒྱུར། ཚེ་སྒྲོལ་དང་དབང་སྒྲོལ་གྱིས་ཞུས)