《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年04月30日

ཐ་ཁེ་ལཱ་མཱ་ཀན་བྱེ་ཐང་འཕྲེད་བཅད་བཏང་བའི་ཤིན་ཅང་གི་གཞུང་ལམ་གསུམ་པ་དེར་སྣུམ་ནག་འདིང་འགོ་ཚུགས་པ།

ཤེས་རྟོགས་བྱུང་བར་གཞིགས་ན། ཤིན་ཅང་ཝུའེ་ལི་ནས་ཆེ་མོའུ་བར་གྱི་བྱེ་ཐང་གཞུང་ལམ་ནི་2017ལོའི་ཟླ་10པར་ལས་འགོ་ཚུགས་པ་དང་ལམ་ཐིག་ཧྲིལ་པོར་སྤྱི་ལེ་334ཡོད་པ་དང་བྱེ་ཐང་དུ་སྤྱི་ལེ་304ཡོད་པ་རེད། རྣམ་གྲངས་བསྐྲུན་ཡུན་ལོ་4ཡིན་པ་དང་། གཞུང་ལམ་ལ་རིམ་གཉིས་གཞུང་ལམ་ཚད་གཞི་སྤྱད་པ་དང་རླངས་འཁོར་ཤར་གཏོང་ཐུབ་རྗེས་ཆེ་མོའུ་ནས་ཁུར་ལེ་དབར་བར་ཐག་སྤྱི་ལེ་280ཐུང་དུ་སོང་སྟེ་དེ་སྔ་ཆུ་ཚོད་12འགོར་བ་ནས་ད་ཆ་ཆུ་ཚོད་6ལས་འགོར་གྱི་མེད་པས་ལམ་རྒྱུད་ཀྱི་ཡུལ་སྐོར་དང་ཐོན་ཁུངས་གསར་སྤེལ་ལ་སྐུལ་ཁྲིད་ཐུབ་རྒྱུ་ཡིན་པ་མ་ཟད། རྒྱལ་ཁབ་ཀྱི་གཞུང་ལམ་དྲ་བ་འཐུས་སྒོ་ཚང་དུ་འགྲོ་བ་དང་ཤིན་ཅང་ལྷོ་རྒྱུད་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་དངོས་ཡོད་ཀྱི་དོན་སྙིང་ཧ་ཅང་གལ་ཆེན་ལྡན་ཡོད་པ་རེད།

འདི་ནི་ཟླ་4ཚེས་27ཉིན། ཐ་ཁེ་ལཱ་མཱ་ཀན་བྱེ་ཐང་འཕྲེད་བཅད་བཏང་བའི་ཤིན་ཅང་གི་གཞུང་ལམ་གསུམ་པ་དེར་སྣུམ་ནག་འདིང་བཞིན་པ།