《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年04月30日

རང་རྒྱལ་གྱིས་རྒྱལ་ཡོངས་ཀྱི་གློག་རྡུལ་ལས་གཉེར་ལག་ཁྱེར་མཛོད་བཙུགས་པ།

འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། རྒྱལ་ཁབ་ཁྲོམ་ར་ལྟ་འདོམས་སྤྱི་ཁྱབ་ཅུས་ཀྱིས“ཁེ་ལས་ཀྱི་ཞབས་ཞུ་ལེགས་སུ་བཏང་ནས་ཚོང་གཉེར་ཁོར་ཡུག་བཟང་པོ་གཏོད”ཅེས་པ་བརྗོད་དོན་གཙོ་བོར་བྱས་པའི་ཆེད་དོན་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་པ་རེད། ཁྲོམ་ར་ལྟ་འདོམས་སྤྱི་ཁྱབ་ཅུས་ཐོ་འགོད་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཀྲེན་ཀོན་ལན་གྱིས། སྤྱི་ཁྱབ་ཅུས་ཀྱིས་2017ལོ་ནས་བཟུང་གློག་རྡུལ་ལས་གཉེར་ལག་ཁྱེར་གྱི“མཚམས་སྦྱོར་མེད་པ”དང་རིན་པ་མི་བསྡུ་བའི་བཀོལ་སྤྱོད་ལ་སྐུལ་འདེད་བཏང་བས་མིག་སྔར་རྒྱལ་ཡོངས་གཅིག་གྱུར་གྱི་གློག་རྡུལ་ལས་གཉེར་ལག་ཁྱེར་གྱི་མ་ལག་དང་རྒྱལ་ཡོངས་ཀྱི་གློག་རྡུལ་ལས་གཉེར་ལག་ཁྱེར་མཛོད་བཙུགས་ཟིན་ནས་རྒྱལ་ཡོངས་ཀྱི་ཁྲོམ་རའི་བྱེད་པོ་ཡོངས་ཀྱི་གློག་རྡུལ་ལས་གཉེར་ལག་ཁྱེར་གྲུབ་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།

མིག་སྔར་གློག་རྡུལ་ལས་གཉེར་ལག་ཁྱེར་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གཞི་གཅིག་ཅན་གྱི་སྲིད་དོན་ལས་སྟེགས་ནང་བཅུག་པ་དང་ས་གནས་ཁག་གི་ཐོ་འགོད་བརྒྱུད་རིམ་ཧྲིལ་པོའི་གློག་རྡུལ་ཅན་དང་། དྲ་ཐོག་ལོ་འཁོར་སྙན་ཞུ། གཞུང་ཐེལ་བཟོ་བ། ཁྲལ་དོན། སྤྱི་ཚོགས་འགན་སྲུང་། སྤྱི་གསོག་མ་དངུལ། འགྱུར་མེད་རྒྱུ་ནོར་ཐོ་འགོད། སྤྱི་པའི་ཐོན་ཁུངས་ཉོ་ཚོང་། རྡོ་ཐའི་ཆོག་འཐུས་ལག་ཁྱེར་གཉེར་བར་དངུལ་ཁང་དུ་རྩིས་ཁྲ་བཟོ་བ་སོགས་ཁྱབ་ཁོངས་ཁག་ལ་སྤྱད་ཡོད། ཁྲོམ་རའི་བྱེད་པོ་སྣ་ཚོགས་ཀྱིས་ཡུལ་དུས་གང་རུང་དུ་གློག་རྡུལ་ལས་གཉེར་ལག་ཁྱེར་གྱི་འགྲོ་ལུགས་སྒྲིག་སྦྱོར་བྱས་པའི་སྒུལ་བདེའི་མཐའ་སྣེ་སྤྱད་དེ་དྲ་ཐོག་ནས་ལས་གཉེར་ལག་ཁྱེར་སྟོན་པ་དང་ཐོབ་ཐང་ར་སྤྲོད་བྱེད་ཆོག མིག་སྔའི་བར་རྒྱལ་ཡོངས་ཀྱི་ཁྲོམ་རའི་བྱེད་པོས་གློག་རྡུལ་ལས་གཉེར་ལག་ཁྱེར་གཉེར་བའི་ཐོབ་ཐང་ལག་ཁྱེར་ངོས་འཛིན་དང་། དྲ་ཐོག་ཐོ་འགོད། གློག་རྡུལ་མཆན་འགོད་ཐམ་ག་སོགས་ཀྱི་ལས་སྒོ་ཐེངས་ཁྲི་7000ལྷག་ཙམ་ཕབ་ལེན་དང་བེད་སྤྱོད་བྱས་ཡོད།