《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年04月25日

ཀྲུང་ཧྭའི་ཆུ་གསོག་མཐོ་ལྕོག་སྲུང་བ།

“འཛམ་གླིང་ཡང་རྩེར”གྲགས་པའི་བོད་ལ་ཨེ་ཤེ་ཡའི་གཙང་པོ་དང་ཆུ་བོ་ཆེན་པོ་10ལྷག་ཡོད་པ་དང་མཚེའུ་1500ལས་བརྒལ་ཡོད་པས། “ཨེ་ཤེ་ཡའི་ཆུ་གསོག་མཐོ་ལྕོག”དང“ཀྲུང་ཧྭའི་ཆུ་གསོག་མཐོ་ལྕོག”ཅེས་པའི་མཚན་སྙན་ཐོབ་ཡོད། ཉེ་བའི་ལོ་ཤས་རིང་བོད་ལྗོངས་ཀྱིས་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་སྲུང་སྐྱོང་དང་འཛུགས་སྐྱོང་ལ་སྐུལ་འདེད་ཟམ་མི་ཆད་པར་བཏང་སྟེ། “ཀྲུང་ཧྭའི་ཆུ་གསོག་མཐོ་ལྕོག”བསྲུངས་ནས“གཙང་ཆུ་སྔོན་མོ་དལ་གྱིས་རྒྱུག་ཐུབ་པ”བྱས་ཡོད། འདི་ནི་ཇོ་མོ་གླང་མའི་འདབས་ཀྱི“ཚེས་གསུམ་ཟླ་བའི་དབྱིབས་ཀྱི་ཆུ་བོ”ཡིན་པ།