《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年04月25日

རི་བོ་བརྒལ་བའི་ལམ་བུ། ཀྲུང་ཕའི་མཛའ་གྲོགས་ཀྱི་བདེན་དཔང་།

འདི་ནི་1978ལོར་ཁ་ལ་ཁུ་ནུ་གཞུང་ལམ་བསྐྲུན་རྗེས་པར་བླངས་པའི་ཕ་ཁི་སི་ཐན་གྱི་ཐ་ཁོ་ཐེ་ཟམ་ཆེན་ཡིན་པ།

འདི་ནི་2020ལོའི་ཟླ་10ཚེས་16ཉིན་ཕ་ཁི་སི་ཐན་གྱི་ཡུལ་སྐོར་བས་ཀྲུང་ཕའི་མཐའ་མཚམས་ཧུང་ཆི་ལ་ཧྥུའུ་འགག་སྒོར་དྲན་རྟེན་པར་རྒྱག་བཞིན་པ།

ཕ་ཁི་སི་ཐན་བྱང་རྒྱུད་ཀྱི་གྲོང་ཁྱེར་ཅིར་ཅི་ཐེ་རུ་ཀྲུང་གོའི་སྔོན་གཤེགས་དཔའ་བོའི་བང་སོའི་སྐྱེད་ཚལ་ཞིག་ཡོད་པ་དང་དེར་ཁ་ལེ་ཁུ་ནུ་གཞུང་ལམ་འཛུགས་སྐྲུན་བྱེད་རིང་རང་སྲོག་བློས་གཏོང་མཁན་ཀྲུང་གོའི་འཛུགས་སྐྲུན་པ་88པུར་འཇུག་བྱས་ཡོད། ཕ་ཁི་སི་ཐན་གྱི་བགྲེས་སོང་ཨ་ལི·ཨའེ་ཧ་མེ་ཏེ་ཡིས་1978ལོ་ནས་བཟུང་རང་མོས་ངང་དུར་ས་དེ་སྲུང་པ་དང་ཕ་ཁི་སི་ཐན་དང་ཀྲུང་གོའི་མཛའ་གྲོགས་སྲུང་ཞིང་། འདི་ནི་ཨ་ལི·ཨའེ་ཧ་མེ་ཏེ་ཡིས་ཀྲུང་གོའི་སྔོན་གཤེགས་དཔའ་བོའི་བང་སོའི་སྐྱེད་ཚལ་དུ་གད་ཕྱིས་རྒྱག་བཞིན་པ། (2015ལོའི་ཟླ་3ཚེས་25ཉིན་པར་བླངས)

ཕ་ཁི་སི་ཐན་གྱི་ཚོང་པ་ཁ་ལི་མུའུ(གཡོན)ཡིས་ཀྲུང་གོའི་ཤིན་ཅང་ཁ་ཧྲེ་ཁུར་ཀན་ཐ་ཅི་ཁེ་རང་སྐྱོང་རྫོང་དུ་ཕ་ལམ་དང་ལག་ཤེས་བཟོ་རྩལ་གྱི་ཚོང་རྒྱག་པ་དང་། ཁོང་གིས་ཚོང་ཟོག་ཁ་ཧྲེ་ཁུ་ནུ་གཞུང་ལམ་བརྒྱུད་ཤིན་ཅང་དུ་འཚོང་བར་ཡོང་ཞིང་། འགྲིམ་འགྲུལ་སྟབས་བདེ་རུ་ཕྱིན་པས་ཁོང་གི་ཚོང་ཡང་ཡག་ཏུ་ཕྱིན་པ། (2017ལོའི་ཟླ་4ཚེས་22ཉིན་པར་བླངས)

འདི་ནི་2019ལོའི་ཟླ་11ཚེས་18ཉིན་པར་བླངས་པའི་ཕ་ཁི་སི་ཐན་གྱི་ཁ་ལ་ཁུ་ནུ་གཞུང་ལམ་གྱི་དུས་ཐེངས་གཉིས་པའི་ལས་གྲྭ་ཧེ་ཝུའེ་ལེ་དབྱང་ནས་མན་སའེ་ཧོ་ལ་བར་གྱི་མྱུར་བགྲོད་གཞུང་ལམ་གྱི་དུམ་བུ་ཡིན་པ་དང་། ཁ་ལ་ཁུ་ནུ་གཞུང་ལམ་གྱི་དུས་ཐེངས་གཉིས་པའི་རྣམ་གྲངས་དེས་ཀྲུང་ཕའི་མཛའ་གྲོགས་གཞུང་ལམ་ལྷོ་ངོས་སུ་སྣུར་སྲིང་བྱས་ནས་ཕ་ཁི་སི་ཐན་ལྷོ་བྱང་གི་འགྲིམ་འགྲུལ་གཞུང་ལམ་ཨ་མ་དང་འབྲེལ་མཐུད་བྱས་པ།

ཁ་ལ་ཁུ་ནུ་གཞུང་ལམ་ནི་ཀྲུང་གོ་དང་ཕ་ཁི་སི་ཐན་འབྲེལ་མཐུད་བྱེད་པའི་སྐམ་སའི་གཞུང་ལམ་ཞིག་རེད། ཤར་རྒྱུད་ཀྲུང་གོའི་ཤིན་ཅང་གི་ཁ་ཧྲེ་ནས་ཁ་ལ་ཁུ་ནུ་དང་། ཤིང་ཏུའུ་ཁུའུ་ཧྲི། རི་བོ་ཧི་མ་ལ་ཡ་བཅས་རི་བོ་གསུམ་བརྒལ་ཏེ་ཀྲུང་ཕའི་མཐའ་མཚམས་ཀྱི་ཧུང་ཆི་ལ་ཧྥུའུ་ལ་ཁ་བརྒྱུད། ཕ་ཁི་སི་ཐན་བྱང་རྒྱུད་གྲོང་རྡལ་ཐ་ཁོ་ཐེར་འབྱོར་གྱི་ཡོད། གཞུང་ལམ་དེ་ཀྲུང་ཕ་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱིས་དཀའ་སྤྱད་འབད་བརྩོན་བྱས་ནས་མཉམ་དུ་བསྐྲུན་པ་ཞིག་ཡིན་པས“ཀྲུང་ཕའི་མཛའ་གྲོགས་ལམ་བུ”ཞེས་བརྗོད་ཅིང་།