《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年04月25日

ཁཱ་ལ་མའེ་ལིའི་སྐྱེ་ཁམས་ཁོར་ཡུག

ཤིན་ཅང་ཀྲུན་ཀར་གཤོངས་སའི་ཤར་རྒྱུད་དུ་གནས་པའི་ཤིན་ཅང་ཁཱ་ལ་མའེ་ལི་རི་བོར་རྨིག་ལྡན་རི་སྐྱེས་སྲོག་ཆགས་ཀྱི་རང་བྱུང་སྲུང་སྐྱོང་ཁུལ་ནི་ཕུའུ་ཧྲིའི་རྐྱང་དང་། སོག་པོའི་རྐྱང་། ངང་གྲེ་གཙོད་སོགས་རྩ་ཆེའི་སྲོག་ཆགས་སྣ་ཚོགས་དང་། སྟོངས་ལ་ཉེ་བའི་རྨིག་ལྡན་རི་སྐྱེས་སྲོག་ཆགས། དེ་བཞིན་ས་གནས་དེར་གཙོ་བོར་འཚོ་སྡོད་བྱེད་པའི་རི་སྐྱེས་སྲོག་ཆགས་རིགས་བཅས་ཀྱི་རང་སྐྱོང་སྲུང་ཁུལ་ཞིག་རེད། སྲུང་སྐྱོང་ཁུལ་དུ་ཕུའུ་ཧྲིའི་རྐྱང་སོགས་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་གཙོ་གནད་སྲུང་སྐྱོང་སྲོག་ཆགས་རིགས་9དང་། ངང་གྲེ་གཙོད་སོགས་རྒྱལ་ཁབ་ཀྱི་རིམ་པ་གཉིས་པའི་གཙོ་གནད་སྲུང་སྐྱོང་སྲོག་ཆགས་རིགས་29ཡོད་པ་དེ་ནི་རང་རྒྱལ་གྱི་ས་བབ་དམའ་བའི་ཐང་རྒོད་ས་ཁོངས་སུ་རྨིག་ལྡན་རི་སྐྱེས་སྲོག་ཆགས་མང་པོ་མེད་པའི་རང་བྱུང་སྲུང་སྐྱོང་ཁུལ་ཞིག་ཡིན། འདི་ནི་ཤིན་ཅང་ཁཱ་ལ་མའེ་ལི་རི་བོའི་རྨིག་ལྡན་རི་སྐྱེས་སྲོག་ཆགས་ཀྱི་རང་བྱུང་སྲུང་སྐྱོང་ཁུལ་ནས་པར་བླངས་པའི་སོག་པོའི་རི་བོང་ཡིན་པ།