《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年04月25日

“ཐད་གཏོང་ཟོག་ཚོང”སྐོར་གྱི་སྒྲིག་སྲོལ་གསར་པ་བཏོན་པ།

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཚེས་23ཉིན། གསར་འགོད་པར་རྒྱལ་ཁབ་དྲ་སྦྲེལ་ཆ་འཕྲིན་གཞུང་ལས་ཁང་ནས་ཤེས་རྟོགས་བྱུང་བར། ཉེ་ཆར་རྒྱལ་ཁབ་དྲ་འཕྲིན་གཞུང་ལས་ཁང་དང་། སྤྱི་བདེ་པུའུ། ཚོང་དོན་པུའུ། རིག་གནས་དང་ཡུལ་སྐོར་པུའུ། རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས། རྒྱལ་ཁབ་ཁྲོམ་ར་ལྟ་འདོམས་སྤྱི་ཁྱབ་ཅུས། རྒྱལ་ཁབ་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ཅུས་བཅས་སྡེ་ཚན་བདུན་གྱིས《དྲ་ཐོག་ཐད་གཏོང་བྲིན་ཚོང་གི་དོ་དམ་བྱ་ཐབས(ཚོད་ལྟའི་ལག་བསྟར)》མཉམ་དུ་ཁྱབ་བསྒྲགས་བྱས་ཏེ་དྲ་ཐོག་ཐད་གཏོང་བྲིན་ཚོང་བྱེད་པོ་སྣ་ཚོགས་དང་། “དྲ་ཐོག་དང་དྲ་ཕྱིའི”རྒྱུ་རྐྱེན་ཁག་ལྟ་འདོམས་ཁྱབ་ཁོངས་ནང་བཅུག་པ་རེད།

སྤྱི་ཚོགས་ཀུན་ཏུ་དོ་ཁུར་བྱེད་པའི་འཛད་སྤྱོད་པའི་ཁེ་དབང་སྲུང་སྐྱོང་གི་གནད་དོན་ལ་དམིགས་ཏེ། བྱ་ཐབས་ནང་བཏོན་དོན། ཐད་གཏོང་བྲིན་ཚོང་ལས་སྟེགས་ཀྱིས་ཁྲིམས་འགལ་སྒྲིག་འགལ་གྱི་ཆ་འཕྲིན་གྱི་ནང་དོན་དང་བྲིན་ཚོང་བྱེད་སྤྱོད་ལ་སྤྱི་དམངས་ཀྱིས་ཞུ་གཏུག་ཐེར་འདོན་བྱས་རིགས་དུས་ཐོག་ཏུ་ཐག་གཅོད་བྱེད་དགོས། འཛད་སྤྱོད་པས་ཐད་གཏོང་ཁང་གི་སྦྲེལ་ལམ་མཐུད་པ་དང་རྩ་གཉིས་ཨང་རྟགས་བཤེར་སྐབས་ལས་སྟེགས་གཞན་པར་སླེབས་ནས་ཚོང་ཟོག་ཉོས་པའི་ཞབས་ཞུ་དང་ལེན་བྱས་རྗེས་རྩོད་པ་ཤོར་སྐབས། འབྲེལ་ཡོད་ཐད་གཏོང་བྲིན་ཚོང་ལས་སྟེགས་ཀྱིས་འཛད་སྤྱོད་པས་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱེད་པར་གཞོགས་འདེགས་ཧུར་ཐག་བྱས་ནས་དགོས་ངེས་ཀྱི་དཔང་རྟགས་སོགས་མཁོ་འདོན་གྱིས་རོགས་སྐྱོར་བྱེད་དགོས། ཐད་གཏོང་གཉེར་སྐྱོང་བ་དང་ཐད་གཏོང་བྲིན་ཚོང་བས་འཛད་སྤྱོད་པའི་ཁེ་དབང་སྲུང་སྐྱོང་གི་འགན་འཁྲི་དང་འོས་འགན་བཅའ་ཁྲིམས་དང་སྒྲིག་སྲོལ་བཞིན་ཕྲག་ཏུ་འཁུར་བ་ལས། འཛད་སྤྱོད་པས་བཏོན་པའི་ཁྲིམས་མཐུན་ལུགས་མཐུན་གྱི་རེ་བ་རྐང་བཙུགས་ནས་ནར་འགྱངས་བྱེད་པའམ་ཡང་ན་རྒྱུ་མཚན་ངེས་ཅན་མེད་པར་དང་ལེན་མི་བྱེད་པ་བྱེད་མི་རུང་།

ཤེས་རྟོགས་བྱུང་བར་གཞིགས་ན། བྱ་ཐབས་དེ་2021ལོའི་ཟླ་5ཚེས་25ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ་རེད།