《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年04月25日

ཧའེ་ཁོའུ་མཚོ་ངོགས་ནུབ་མའི་ཡུག་ཁུལ་ལྷོ་མའི་སྐྱེ་ཁམས་སླར་གསོའི་ལས་གྲྭ་སྐྲུན་མགྱོགས་སུ་བཏང་བ།

མིག་སྔར་མཚོ་ངོགས་ནུབ་མའི་ཡུག་ཁུལ་ལྷོ་མའི་སྐྱེ་ཁམས་སླར་གསོའི་ལས་གྲྭ་ཧྲིལ་པོ་བརྟན་པོའི་སྒོ་ནས་སྐུལ་འདེད་གཏོང་བཞིན་ཡོད་པ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། ཧའེ་ཁོའུ་གྲོང་ཁྱེར་མཚོ་ངོགས་ནུབ་མའི་ཡུག་ཁུལ་ལྷོ་མའི་སྐྱེ་ཁམས་སླར་གསོའི་ལས་གྲྭའི་རྣམ་གྲངས་ཀྱིས་ས་ཁྱོན་མུའུ་1118ཙམ་བཟུང་ཞིང་། དེས་ཧའེ་ཁོའུ་ཡི་བསམ་པའི་རིག་གནས་དང་ས་ཁོངས་ཀྱི་ཁྱད་ཆོས་མཉམ་འདྲེས་བྱས་ཏེ། གཙང་པོ་དང་། ཀྲོའུ། ནགས་ཚལ། བྱ་ཚང་བཅས་ལྟེ་བའི་ཡུལ་ལྗོངས་ཆེ་གྲས་བཞི་གཞི་གཅིག་ཏུ་འདུས་པའི་མཉམ་འདུས་རྣམ་པའི་སྐྱེ་ཁམས་མཚོན་རྟགས་ཀྱི་ཕྱོགས་བསྡུས་སྤྱི་གླིང་ཞིག་བཏོད་ནས་ཧའེ་ཁོའུ་གྲོང་ཁྱེར་གྱི་གྲོང་མི་དང་དེ་བཞིན་ཡུལ་སྐོར་བའི་འཚོ་བའི་སྤུས་ཚད་མཐོ་རུ་གཏོང་རྒྱུ་རེད། འདི་ནི་ཟླ་4ཚེས་23ཉིན། ཧའེ་ཁོའུ་གྲོང་ཁྱེར་མཚོ་ངོགས་ནུབ་མའི་ཡུག་ཁུལ་ལྷོ་མའི་སྐྱེ་ཁམས་སླར་གསོའི་ལས་གྲྭའི་རྣམ་གྲངས་བསྐྲུན་ཡུལ་དུ་བཟོ་པ་ཚོས་ཡུལ་སྐོར་བའི་ལྟེ་གནས་ཀྱི་ཐོག་འགེབ་བཞིན་པ།